ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་བདེ་ཐང་ཀྲུང་གོའི་འགུལ་སྐྱོད་ཡར་སྐུལ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། རྒྱལ་ཡོངས་ཀྱི་བདེ་ཐང་ཀྲུང་གོའི་འགུལ་སྐྱོད་ཡར་སྐུལ་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། བདེ་ཐང་ཀྲུང་གོ་འགུལ་སྐྱོད་ལག་བསྟར་བྱེད་པ་ནི་དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་ཇེ་མཐོར་གཏང་རྒྱུ་དེ་ཡིན། ཉེ་བའི་ལོ་འགའི་རིང་ལ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རྒྱལ་དམངས་བདེ་ཐང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ། རིམས་ནད་འགོག་བཅོས་དང་བདེ་ཐང་མཛུབ་སྟོན་ལག་བསྟར་བྱེད་པ་སོགས་ཀྱི་ཕྱོགས་སུ་བྱ་བ་གང་མང་བསྒྲུབས་ནས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་སུ་བཏང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛུན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། འཕྲོན་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོའི་འདུ་ཤེས་དང་སྔོན་འགོག་གཙོ་ཡིན་པའི་བྱེད་ཕྱོགས་དངོས་འབེབས་བཟང་བོ་བྱེད་པ་དང་། སྲིད་ཇུས་དངོས་འབེབས་དང་ལས་ཁུངས་ཀྱི་རོགས་འདེགས་བྱ་བར་ཤུགས་བསྣན་ནས། བདེ་ཐང་ཀྲུང་གོའི་འགུལ་སྐྱོད་ལག་བསྟར་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། བདེ་ཐང་ཀྲུང་གོའི་འགུལ་སྐྱོད་ཡར་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སུན་ཁྲུན་ལན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།