ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་སོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190725090704qZzU.jpg

ཟླ7པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝང་ཆི་ཧྲན་པེ་ཅིན་ནས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་སོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་གྲོས་ཚོགས་ལ་ཞུགས་པར་མ་ཟད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མོ་ཏི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས23ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝང་ཆི་ཧྲན་པེ་ཅིན་ནས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་སོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་གྲོས་ཚོགས་ལ་ཞུགས་པར་མ་ཟད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མོ་ཏི་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་མཐུན་པ་དང་། མཉམ་ལས་ཀྱི་ཁ་གསབ་རང་བཞིན་ཧ་ཅང་ཆེ་ལ། དམངས་བློའི་རྨང་གཞི་སྲ་བརྟན་ཡིན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་གཞི་རྩ་ཧ་ཅང་བརྟན་ལ། ས་ཁུལ་ལ་ཤན་ཤུགས་གལ་ཆེན་ལྡན། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་འབྲེལ་བ་བཙུགས་པའི་ལོ་ངོ་སོ་ལྔའི་ནང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གྲུབ་འབྲས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ཉེ་བའི་ལོ་གཉིས་ཀྱི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣས་ཕན་ཚུན་ལ་འཚམས་འདྲི་མཛད་དེ། ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་། ཀྲུང་གོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གྲོགས་པོ་བཟང་བོ་དང་བློ་གཏད་ཆོག་པའི་འཐབ་ཇུས་གྲོགས་པོ་རུ་བརྩི་བཞིན་ཡོད། དུས་རབས་གསར་བ་དང་འགོ་ཚུགས་ས་གསར་བའི་སྟེང་། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱིས་ཧུར་ཐག་གིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱས་ཏེ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མུའུ་ཧན་མོ་ཏི་ཡིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ཀྲུང་གོའི་མཚོ་ཁུགས་ས་ཁུལ་གྱི་བློ་གཏད་ཆོག་པའི་གྲོགས་པོ་ཡིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོ་གཉིས་ཀྱི་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་རྒྱུ་དེ་གོ་སྐབས་སུ་བརྩི་བ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་སྤྱིའི་ལས་དོན་ཁྲོད་བརྗེ་རེས་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོའི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་དུང་པར་རིས་འགྲེམ་སྟོན་དང་རིག་རྩལ་འཁྲབ་སྟོན་ལ་བལྟས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།