ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ཕྱོགས་ཡོངས་ནས་རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཅིག་གྱུར་ཐོག་གཏན་འཁེལ་དང་ཐོ་འགོད་བྱེད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རང་བྱུང་ཐོན་ཁུངས་པུའུ་དང་། ནོར་སྲིད་པུའུ། སྣོད་བཅུད་ཁོར་ཡུག་པུའུ། ཆུ་བེད་པུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག《རང་བྱུང་་ ཐོན་ཁུངས་ཀྱི་དབང་ཆ་གཅིག་གྱུར་ཐོག་གཏན་འཁེལ་དང་ཐོ་འགོད་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས》(གཤམ་དུ《གནས་སྐབས་ལག་བསྟར་བྱ་ཐབས》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས། ཆུ་རྒྱུན་དང་། ནགས་ཚལ། རི་བོ། རྩྭ་ཐང་། ས་རྒོད། གྲམ་ཐང་། མཚོ་ཁོངས། མི་མེད་མཚོ་ཐོག་གླིང་ཕྲན། རྩད་ཆོད་གསོག་ཚད་ཀྱི་གཏེར་ཐོན་ཐོན་ཁུངས་སོགས་རང་བྱུང་ཐོན་ཁུངས་ཀྱི་དབང་བའི་དབང་ཆ་དང་རང་བྱུང་སྣོད་བཅུད་བར་མཐོངས་ཚང་མར་གཅིག་གྱུར་ཐོག་དབང་ཆ་གཏན་འཁེལ་ཐོ་འགོད་བྱ་རྒྱུ་རེད། དེའི་ཐོག་ནས་རང་རྒྱལ་གྱིས་རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཅིག་གྱུར་ཐོག་གཏན་འཁེལ་དང་ཐོ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་དང་རང་བྱུང་ཐོན་ཁུངས་དབང་ཆ་གཏན་འཁེལ་ཐོ་འགོད་དེ་ཁྲིམས་སྐྱོང་ཅན་གྱི་ལམ་བུར་སྐྱོད་པ་མཚོན་ཡོད། རང་བྱུང་ཐོན་ཁུངས་པུའུ་ཐོ་འགོད་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་རང་བྱུང་ཐོན་ཁུངས་དབང་ཆ་གཏན་འཁེལ་དང་ཐོ་འགོད་ཁྲིམས་སྐྱོང་ཅན་དུ་མངོན་འགྱུར་བྱུང་བས། གཏོགས་ཁོངས་ཁ་གསལ་ བ་དང་། དབང་ཆ་དང་འགན་འཁྲི་ཁ་གསལ་བ། སྲུང་སྐྱོང་ནན་པ། བརྒྱུད་ཤུག་བདེ་བླག ལྟ་སྐུལ་དོ་དམ་ནུས་ལྡན་བཅས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བདག་དབང་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ལ་སྤྱི་ཡོངས་ནས་སྲུང་སྐྱོང་དང་། གོ་རིམ་ལྡན་པའི་སྒོ་ནས་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱ་རྒྱུར་ཕན་པ་ཡོད་ཅེས་བརྗོད། ངོ་སྤྲོད་བྱས་པར་གཞིགས་ན། རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཅིག་གྱུར་ཐོག་གཏན་འཁེལ་དང་ཐོ་འགོད་ཀྱི་ལས་དོན་སྤེལ་སྐབས་གཏན་འཇགས་རྒྱུ་ནོར་ཐོ་འགོད་རྨང་གཞིར་བྱས་ནས་རང་བྱུང་ཐོན་ ཁུངས་གཙོ་གཉེར་སྡེ་ཚན་གྱིས་རིམ་པ་དབྱེ་བ་དང་ཁོངས་གཏོགས་ཁུལ་ཟུང་འབྲེལ་གྱི་བྱ་ཐབས་ཐོག་ནས་ཁོངས་གཏོགས་ཐོ་འགོད་བྱེད་རྒྱུ་རེད། རང་བྱུང་ཐོན་ཁུངས་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་ཆ་འཕྲིན་དེ་ཆུ་བེད་དང་། ནགས་རྩྭ། སྣོད་བཅུད་ཁོར་ཡུག ནོར་ཁྲལ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཆ་འཕྲིན་དོ་དམ་དང་མཉམ་མཐུད་མཉམ་སྤྱོད་ཐུབ་པས་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་དང་སྲུང་སྐྱོང་ནུས་ལྡན་བྱེད་རྒྱུར་ཞབས་འདེགས་ཞུ་ཐུབ། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།