ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་ལོ་ཕྱེད་གོང་མར་མི་ཁྲི་3.7ལྷག་ལ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བས་ཆད་པ་བཅད།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཟླ་7ཚེས་22ཉིན། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ལས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དང་། ལྗོངས། གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས། ཀྲུང་དབྱང་གི་ཁེ་ལས་དང་ཀྲུང་དབྱང་དངུལ་རྩ་ཁེ་ལས་ཁག་སོགས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནས་ཚུལ་ཟླ་རེར་སྙན་ཞུ་འབུལ་བའི་ལམ་ལུགས་བཙུགས་པ་རེད། 2019ལོའི་ཟླ་6ཚེས་30ཉིན་བར་དུ། རྒྱལ་ཡོངས་ནས་ཀྲུང་དབྱང་གི་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་26341བྱུང་ཡོད་ཅིང་། མི་37207ལ་ཆད་པ་བཅད། དེའི་ཁྲོད་དུ་མི་26234ལཏང་གི་སྒྲིག་ཁྲིམས་སྲིད་དོན་གྱི་ཆད་པ་བཅད། 
   ཆེས་གསར་བའི་སྤྱི་བསྒྲགས་ཀྱི་གྲངས་གཞི་ལས་མངོན་གསལ། 2019ལོའི་ཟླ་6པར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་6060བྱུང་ཡོད་ཅིང་། མི་8506ལ་ཆད་པ་བཅད། དེའི་ཁྲོད་དུ་མི་5944ལ་ཏང་གི་སྒྲིག་ཁྲིམས་སྲིད་དོན་གྱི་ཆད་པ་བཅད། 
    གྲངས་གཞི་ལས་མངོན་གསལ། 2019ལོ་ནས་བཟུང་། རྒྱལ་ཡོངས་སུ་སྒྲིག་འགལ་ངང་སྤྱི་དངུལ་བེད་སྤྱོད་དེ་ཟ་འཐུང་བྱས་པའི་གནད་དོན་ཁྱོན་3851ཞིབ་གཅོད་བྱུང་ཡོད། སྒྲིག་འགལ་ངང་ཁ་གསབ་དང་ཕན་བདེ་སྤྲད་པའི་གནད་དོན་6687བྱུང་ཞིང་། སྒྲིག་འགལ་ངང་ལེགས་སྐྱེལ་དང་དངུལ་སྤྲད་པའི་གནད་དོན་6038 སྒྲིག་འགལ་ངང་སྤྱི་སྤྱོད་རླངས་འཁོར་སྒྲིག་སྦྱོར་བྱེད་པའི་གནད་དོན་3310 གཞི་རྒྱ་ཆེ་བའི་གཉེན་སྒྲིག་དང་འདས་མཆོད་སྤེལ་བའི་གནད་དོན2159 སྒྲིག་འགལ་ངང་བསྐྲུན་པའི་ཐོག་ཁང་གི་གནད་དོན་733 སྤྱི་དངུལ་བེད་སྤྱོད་དེ་ཕྱི་རྒྱལ་དུ་ཡུལ་སྐོར་འགྲོ་བའི་གནད་དོན་49 གཞན་གནད་དོན།(ཚད་གཞི་ལས་བརྒལ་ནས་སྣེ་ལེན་ཞུ་བའམ་མཁོ་འདོན་བྱེད་པ། སྤྱི་དངུལ་བེད་སྤྱོད་ནས་རིན་གོང་མཐོ་བའི་རོལ་རྩེད་ཀྱི་ལུས་རྩལ་བྱེད་སྒོར་ཞུགས་པའམ་གཞན་གྱིས་གདན་ཞུས་དང་ལེན་བྱས་པ། སྒྲིག་འགལ་ངང་མི་སྒེར་གྱི་འདུ་འཛོམས་ཁང་དུ་འགྲོ་འོང་བྱེད་པ། སྒྲིག་འགལ་གྱི་མགོ་ཁྲིད་ལས་བྱེད་པའི་སྡོད་ཁང་། དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་གསོལ་མགྲོན་གདན་ཞུས་དང་ལེན་བྱས་པའི་གནད་དོན་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།