ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧྲང་ཧེ་གྲོང་ཁྱེར་དུ་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་གསུམ་ཉིན་བར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲང་ཧེ་རུ་རྟོག་ཞིབ་བྱས།

ལིས་ཁི་ཆང་ཧྲང་ཧེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གསར་བར་སོང་ནས་སྤྱིའི་འཆར་འགོད་ཀྱི་སྙན་ཞུ་ལ་ཉན།   ཁོང་གིས་གསུང་རྒྱུར།  ཚོད་ལྟ་ཁུལ་གསར་པ་ནི་འདས་པའི་ལོ་ལྔའི་རིང་གི་རང་མོས་ཉོ་ཚོང་ཁུལ་གྱི་ལག་ལེན་རྨང་གཞིའི་སྟེང་བཙུགས་པ་དང་།  སྒོ་འབྱེད་ཀྱི་རྒྱ་བསྐྱེད་གསར་བ་དང་།བཅོས་སྒྱུར་གྱི་འཕེལ་རིམ་གསར་བ་ཡིན་པས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་།   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ།  གོ་སྐབས་གསར་པ་དམ་འཛིན་བྱེད་པ།  རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་བསྡུར་ནས་ཤུགས་ཆེན་པོས་བཅོས་སྒྱུར་སྒོ་འབྱེད་བྱེད་པ་དང་། བར་སྟོང་འཆར་འགོད་འཐུས་ཚང་དུ་གཏོང་བ།   གཅིག་བསྡུས་སྒོ་འབྱེད་མངོན་འགྱུར་བྱས་ཏེ་ཚོད་ལྟ་ཁུལ་གསར་པས་གྲུབ་འབྲས་གསར་པ་ལེན་པ་དང་།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཐད་ལ་ཆེད་དོན་རྟོག་ཞིབ་བྱས།  ཁོང་གིས་ནན་གྱིས་བསྟན་དོན།   སྲིད་གཞུང་གི་ལས་བྱེད་མི་སྣས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་འབེན་རང་འགུལ་ངང་ལག་བསྟར་བྱེད་དགོས་པ་དང་།   བརྗོད་དོན་སློབ་གསོ་དང་མགྱོགས་མྱུར་སྒོས་དམངས་ཚིས་ལེགས་བཅོས་བྱེད་པ་གཉིས་ཟུང་འབྲེལ་བྱེད་དགོས་ལ།  མི་དམངས་མང་ཚོགས་ལ་བརྟེན་ནས་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞབས་ཞུའི་རྣམ་པའི་སྲིད་གཞུང་འཛུགས་སྐྲུན་བྱས་ཏེ་མི་དམངས་མང་ཚོགས་ལ་འཚོ་བ་སྐྱིད་པོ་རོལ་དུ་འཇུག་དགོས་ཟེར།

ལིས་ཁི་ཆང་གིས་ཧྲང་ཧེ་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་།   བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིན་བརྟན་པོའི་འོག  དཀའ་སྤྱད་འབད་འཐབ་བྱས་ཏེ་བཅོས་སྒྱུར་སྒོ་འབྱེད་གསར་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་པའི་རེ་བ་བཏོན།

ཞའོ་ཅེ་དང་ཧི་ལིས་ཧྥིན་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།