ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མུའུ་ཏི་ལ་ཡང་བསྐྱར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་གྱི་དགུང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མུའུ་ཏི་ལ་ཡང་བསྐྱར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེ་རིང་སྔ་དྲོར་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱས་ཏེ་མཉམ་ལས་གྲོས་མཐུན་སྣ་མང་ཐད་ནས་བརྗེ་རེས་བྱས་པ་དང་དེ་ལ་གྲངས་ཀ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་། ཁྱབ་ཁོངས་ཧ་ཅང་རྒྱ་ཆེ།  ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་བཏོན་ཏེ་རྒྱལ་ཁབ་མི་འདྲ་བའི་བར་གྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཤུགས་བསྣན།  ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྱང་སྒོ་འབྱེད་དང་བཟོད་སྒོམ་གྱི་སྙིང་སྟོབས་དར་སྤེལ་བྱེད་པའི་གྲོས་འགོ་བཏོན་ཏེ། དཔལ་ཡོན་མི་འདྲ་བའི་བརྗེ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཟེངས་བསྟོད་ཐོབ་ཟེར།

མུའུ་ཧན་མུའུ་ཏི་ཡིས་བཤད་རྒྱུར། དེ་རིང་སྔ་དྲོར་བདག་གིས་ཁྱེད་དང་གྲོས་མོལ་བྱས་པར་དོན་སྙིང་གལ་ཆེན་ལྡན། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་མུ་མཐུད་དུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོ་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།