ཀྲུང་གོ་བོད་ཀྱི་དྲ་བ།

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་ཁྲོད་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་ཤན་སྦྱར་ནས་བར་ཐག་འཚོལ་བའི་སྐོར་གྱི་བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2019-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་ཁྲོད་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་ཤན་སྦྱར་ནས་བར་ཐག་འཚོལ་བའི་སྐོར་གྱི་བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བརྗོད་དོན་སློབ་གསོ་ཁྲོད་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ཤན་སྦྱར་ནས་གནད་དོན་ལ་ཞིབ་ལྟ་བྱེད་པའི་རང་རྟོགས་དང་སྙིང་སྟོབས་ཆེན་པོས། རེ་རེ་བཞིན་ཞིབ་བསྡུར་བྱེད་པ་དང་ཁྱོན་ཡོངས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་དང་འགལ་བའི་གནད་དོན་སྣ་ཚོགས་འཚོལ་བ་དང་། གནད་དོན་དངོས་སུ་ཐག་གཅོད་དགོས་པའི་རེ་བ་བཏོན།

བརྡ་སྦྱོར་ནང་བསྟན་དོན། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་ཤན་སྦྱར་ནས་བར་ཐག་འཚོལ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བཅས་ལ་ཤན་སྦྱར་ནས་གནད་དོན་ལ་ཞིབ་ལྟ་བྱེད་པར་ཟུང་འབྲེལ་བྱེད་པ་དང་། སློབ་སྦྱོང་བྱེད་ཞོར་དུ་ཤན་སྦྱར་བྱེད་པ་དང་ཞིབ་ལྟ་བྱེད་པ། དག་ཐེར་ལེགས་བཅོས་བྱས་ནས། གནད་དོན་ཞིབ་བཤེར་དང་ཐག་གཅོད་པའི་ཁ་གཏད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཞིབ་བསྡུར་བྱེད་ཐེངས་རེར་གསལ་འདེབས་བྱས་ཏེ། ཏང་ཡོན་འགོ་ཁྲིད་དང་ལས་བྱེད་པའི་ཏང་གི་འདུ་ཤེས་དང་ཏང་ཡོན་གྱི་འདུ་ཤེས། སྒྲིག་ལམ་འདུ་ཤེས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་སྟེ། ཆབ་སྲིད་ཀྱི་གོ་རྟོགས་དང་བསམ་པའི་གོ་རྟོགས། ཀུན་སྤྱོད་ཀྱི་གོ་རྟོགས་མཐོར་འདེགས་གཏོང་དགོས་ཟེར།

བརྡ་སྦྱོར་ནང་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་གིས་ཆེད་དུ་དུས་ཚོད་བཀོད་སྒྲིག་བྱས་ནས། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་ཤན་སྦྱར་ནས་བར་ཐག་འཚོལ་བའི་ཆེད་དོན་གྲོས་ཚོགས་བསྡུས་དགོས། ཏང་ཀྲི་པུའུ་ཡིས་གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག་ལ་ཟུང་འབྲེལ་བྱས་ནས། ཆེད་དོན་གྲོས་ཚོགས་བསྡུས་པ་དང་། ཏང་ཡོན་རྩ་འཛུགས་བྱས་ནས་སློབ་སྦྱོང་བྱེད་པ་དང་ཏང་ག་སྒྲིག་ཡིག་དང་རྩ་གནད། སྲོལ་ཡིག་དང་ཞིབ་བསྡུར་བྱས་ཏེ། རང་ཉིད་མཐོར་འདེགས་གཏོང་དགོས། འགོ་ཁྲིད་ཚན་ཁག་གི་འགན་ཁུར་བློ་མཐུན་གྱིས་འགོ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་ཞིབ་བཤེར་བྱེད་པ། དག་ཐེར་ལེགས་བཅོས་བྱེད་པ། སྣེ་ཁྲིད་བྱེད་པ། མིག་དཔེ་བྱེད་པ་དང་། དེ་དང་མཉམ་དུ་ཚན་ཁག་གི་ཁོངས་མི་དང་ཁོངས་གཏོགས་སྡེ་ཁག་གི་འགོ་ཁྲིད་ལས་བྱེད་པས་གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།