ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཁྲོད་ཀྱི་མཁྲེགས་གཏོར་དཀའ་སེལ་གྱི་དཔེ་མཚོན་གྱོན་དོན་ཞེས་པའི་དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2019-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་རྩ་འཛུགས་དང་འདེམ་སྒྲིག་བྱས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཁྲོད་ཀྱི་མཁྲེགས་གཏོར་དཀའ་སེལ་གྱི་དཔེ་མཚོན་གྱོན་དོན་ཞེས་པའི་དཔེ་ཚོགས་ཉེ་ལམ་ཏང་འཛུགས་ཀློག་དེབ་པར་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། སྐོར་འདིའི་བྱ་བའི་དཔེ་མཚོན་གྱོད་དོན་ལ་བསྡོམས་པས་དཔེ་ཆ་བདུན་ཡོད་པ་དང་དེའི་ནང་དུ་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་གི་འཛུགས་སྐྲུན། ཉེན་ཁ་ཚབས་ཆེན་ཞི་འཇགས་དང་འགོག་སེལ་བྱེད་པའི་ཁྱབ་ཁོངས་བདུན་གྱི་དཔེ་མཚོན་གྱོད་དོན་བརྒྱ་དང་དོན་གཉིས་འདུས། དེ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སྤྱི་ཚོགས་ལག་ལེན་ཁྲོད་དུ་མཛུབ་སྟོན་ནུས་པ་ཆེན་པོ་བཏོན་པ་མཚོན་པར་བྱས་པ་དང་། དེ་ནི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པར་རོགས་རམ་བྱེད་པའི་བསླབ་དེབ་གལ་ཆེན་ཞིག་ཡིན།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།