ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་27པའི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་ཀློག་སློབ་གསོའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གློག་འཕྲིན་ལྟར། ཚེས་21ཉིན།“འོད་སྟོང་འབར་བའི་ལོ་ངོ་བདུན་ཅུ། འབད་འཐབ་ཆེན་པོས་མདུན་སྐྱོད་བྱེད་པའི་དུས་རབས་གསར་པ”ཞེས་བརྗོད་དོན་གཙོ་བོའི་སྐབས་27 པའི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་ཀློག་སློབ་གསོའི་བྱེད་སྒོ་པེ་ཅིང་དུ་འགོ་ཚུགས་པ་རེད། སྐབས་འདིའི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་ཀློག་སློབ་གསོའི་བྱེད་སྒོ་སྤེལ་རིང་“དུས་རབས་ཀྱི་གཞོན་ནུ་ལོ་ཆུང་གི་གཏམ་བཤད་”ཀྱི་བྱེད་སྒོ་དང་། “ལང་ཚོའི་ཀྲུང་གོ་མཆོག་ཏུ་འཛིན་པའི”བྱེད་སྒོ“རུ་ཆུང་ཁྲི་ཡིས་གསར་བརྗེ་འདྲི་རྩད”ཀྱི་བྱེད་སྒོ“ཕུགས་འདུན་དོན་གཉེར་གྱི་དུས་རབས་གསར་པའི”པར་ལེན་འགྲན་བསྡུར་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་གིས་གསར་བརྗེའི་ས་བོན་རྒྱུན་འཛིན་དང་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་རྒྱུར་ལྕག་སྐུལ་བྱེད་པ་དང་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་བ་དང་རྒྱུན་མཐུད་འབད་འཐབ་བྱེད་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་བརྟན་དུ་བཏང་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཁུར་མཁན་དུས་རབས་ཀྱི་མི་གསར་པ་ཞིག་བརྩོན་ལེན་བྱ་ཆེད་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།