ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཧྥ་རན་སིའི་ཙུང་ཐུང་གི་ཕྱི་དོན་བློ་འདོན་པ་པའོ་ན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་དྲ་བའི་གློག་འཕྲིན་ལྟརར་ན། ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་ཧྥ་རན་སིའི་ཙུང་ཐུང་གི་ཕྱི་དོན་བློ་འདོན་པ་པའོ་ན་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཧྥ་རན་སི་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ས་གནས་དང་འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ང་ལྔ་ལོན་པ་གོ་སྐབས་སུ་བཟུང་སྟེ་རིམ་པ་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་ཞིང་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དང་རྒྱལ་སྤྱིའི་གནས་བབ་ཐད་ལ་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཀྲུང་གོ་དང་ཧྥ་རན་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། དེང་སྐབས་འཛམ་གླིང་དུ་གོ་སྐབས་དང་ཉེན་ཁའི་འགྲན་རྩོད་མཉམ་གནས་བྱས་ཡོད་པས་ད་ལྟ་ལག་བསྟར་བྱེད་པའི་རྒྱལ་སྤྱིའི་སྒྲིག་སྲོལ་མུ་མཐུད་དུ་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་དང་མཉམ་དུ་ཞི་བདེ་དང་འཕར་སྣོན། བཅོས་སྒྱུར། དཔལ་ཡོན་བཅས་གྲོགས་པོའི་འབྲེལ་བ་ཆེན་པོ་བཞི་གསར་སྐྲུན་བྱས་ཏེ། འཛམ་གླིང་ཞི་བདེ་དང་བརྟན་འཇགས། རྒྱུན་མཐུད་འཕེལ་རྒྱས་ཐད་ལ་མུ་མཐུད་དུ་བྱས་རྗེས་འཇོག་འདོད་ཡོད་ཟེར།

པའོ་ན་ཡིས་བཤད་རྒྱུར། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་གལ་ཆེ། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་རྨང་གཞིའི་སྟེང་ཕྱོགས་གཉིས་དང་དེ་མིན་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁོག་ནང་དུ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་རྒྱལ་སྤྱིའི་ལས་དོན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པ་དང་། རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིག་ལམ་མཉམ་དུ་སྲུང་སྐྱོབ་བཟང་བོ་བྱེད་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།