ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོ། སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཞིབ་ལྟ་དང་དབྱེ་ཞིབ་བྱ་བ་བཟང་བོར་བསྒྲུབ་དགོས་ལ། ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། སྒྲིག་ལམ་འཛུགས་སྐྲུན་སོགས་ཕྱོགས་སུ་གནས་པའི་འབུར་ཐོན་གནད་དོན་ལ་དམིགས་ཏེ་དག་ཐེར་དང་བཅོས་སྒྱུར་མཐའ་འཁྱོལ་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལྟར། ཁྱད་པར་འཚོལ་བ་དང་གནད་དོན་ལ་ཞིབ་བཤེར་བྱེད་པ། ཞན་ཆ་ཁ་གསབ་བྱེད་པ། ཞིབ་ལྟ་དང་དབྱེ་ཞིབ་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་རེ་བ་ལྟར་དག་ཐེར་དང་བཅོས་སྒྱུར་བྱ་བ་དམ་འཛིན་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཞིང་ཆེན་རིམ་པའི་ལས་ཁུངས་སོགས་ཀྱིས་ཆབ་སྲིད་ལས་ཁུངས་ཀྱི་ཁྱད་ཆོས་གཙོ་བོ་རྒྱུན་འཁྱོངས་བྱས་ཏེ། སྲུང་སྐྱོབ་གཉིས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རྦད་ཆོད་སྒོས་ལག་བསྟར་བྱེད་པའི་འགུལ་སྐྱོད་ཐད་ནས་མཚོན་པར་བྱེད་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་རང་གི་འགན་འཁྲིའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་མཚོན་པར་བྱེད་དགོས་ལ། ཏང་ཡོན་དང་ལས་བྱེད་པའི་རྒྱུན་ལྡན་གྱི་བྱ་བའི་ཐད་ནས་མཚོན་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།