ཀྲུང་གོ་བོད་ཀྱི་དྲ་བ།

བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་ཆོད་སེམས་རང་བཞིན་ཇེ་དྲག་གཏོང་དགོས་ཞེས་པ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་པར་དུ་བསྐྲུན་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅུ་བཞི་བའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་ཆོད་སེམས་རང་བཞིན་ཇེ་དྲག་གཏོང་དགོས་ཞེས་པ་བཀོད།

རྩོམ་ཡིག་ནང་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་ཏང་གི་འཛུགས་སྐྲུན་གྱི་ཁ་ཕྱོགས་དང་ཕན་འབྲས་ཐག་གཅོད་པ་ཡིན། ཆབ་སྲིད་ཁ་ཕྱོགས་ནི་ཏང་འཚོ་གནས་འཕེལ་རྒྱས་ཀྱི་གནད་དོན་དང་པོ་ཡིན་པ་དང་ཏང་གི་མདུན་ལམ་ལས་དབང་དང་ལས་དོན་དར་རྒུད་ལ་འབྲེལ་བ་ཡོད། ང་ཚོས་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ཁ་ཕྱོགས་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་འདུན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན་ལ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་ཡིན་པ་དང་ཏང་གི་གཞི་རྩའི་རིགས་གཞུང་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་གཙོ་བོ་ནི་ཀྲུང་གོ་གུང་ཁྲན་གི་འགོ་ཁྲིད་ཡིན་ལ། ཏང་གི་ཆེས་ཆེ་བའི་ཆབ་སྲིད་འགོ་ཁྲིད་སྟོབས་ཤུགས་ཡིན། ཏང་གི་ཆབ་སྲིད་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆེས་གལ་ཆེ་བ་ནི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དེ་ཡིན་ལ། དེ་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་ལས་འགན་དང་པོར་འཇོག་དགོས་ཟེར།

རྩོམ་ཡིག་ནང་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་སྐབས། དམངས་སེམས་དེ་ཆེས་ཆེ་བའི་ཆབ་སྲིད་དང་སྦྲེལ་ཏེ། དམངས་སེམས་དམངས་དོན་དང་དམངས་ཀྱི་བློ་གྲོས་དང་དམངས་ཤུགས་གཅིག་སྡུད་བྱེད་པ་ཀུན་གྱི་གཙོ་བོར་འཇོག་དགོས། མི་དམངས་ཀྱི་ལངས་ཕྱོགས་དང་དམ་པོར་སྦྲེལ་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་མང་ཚོགས་དམ་དུ་སྦྲེལ་བ་སྲུང་འཛིན་བྱས་ནས། མི་དམངས་མང་ཚོགས་ཀྱིས་ཧ་ཅང་སེམས་ཁུར་བྱེད་པའི་ཁེ་ཕན་གནད་དོན་ཐག་གཅོད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།