ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཞི་ལའི་ཙུང་ལི་གསར་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2019-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་གཅིག་ཉིན་ཅི་ལེ་ཡ་ཁི་སི་མུས་ཙོ་ཐ་ཅི་སི་ལ་གློག་འཕྲིན་བཏང་ནས། ཁོས་ཞི་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིའི་འགན་ཁུར་བར་རྟེན་འབྲེལ་ཞུས།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཞི་ལའི་འབྲེལ་བ་མགྱོགས་མྱུར་སྒོས་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཉིས་བར་དུ་མཐོ་རིམ་འགྲོ་འོང་ཟབ་མོ་ཡོ་དལ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་བརྟན་པོ་ཡིན། པིས་ལེ་ཨེ་ཧྥུའུ་སི་གྲུ་ཁ་ནི་ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱས་པའི་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཡིན། ད་ལོའི་ཟླ་བཞི་བར། ཞི་ལ་ནི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་གྱི་ཁོངས་གཏོགས་རྒྱལ་ཁབ་དངོས་མ་ཡིན་ལ། ཕྱོགས་གཉིས་ཀྱི་མཉམ་ལས་ཐད་སྟེགས་བུ་གསར་བ་བསྐྲུན་པ་དང་བར་སྟོང་གསར་བ་ཕྱེས་ཡོད། ཀྲུང་གོ་སྲིད་གཞུང་གིས་ཞི་ལའི་བར་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཁྱེད་རྒྱལ་ཁབ་ཀྱི་སྐབས་གསར་བའི་སྲིད་གཞུང་དང་མཉམ་དུ་འབད་བརྩོན་གྱིས་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། སྲིད་ཇུས་ཀྱི་འབྲེལ་འདྲིས་དང་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ཇེ་ཟབ་ཏུ་གཏོང་བ། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་ཏུ་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཞི་ལའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་གོང་འཕེལ་དུ་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།