ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་དང་ལིའོ་ཉིང་། བོད་ལྗོངས་སོགས་ས་གནས་མང་པོས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2019-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ཡུན་ནན་དང་ལིའོ་ཉིང་། བོད་ལྗོངས་སོགས་ས་གནས་མང་པོས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་ཡོད་ལ་དམ་པོར་བཅངས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ནས། ཏང་ཡོན་ལས་བྱེད་པས་མི་དམངས་ལྟེ་བར་བྱེད་པའི་བསམ་བློ་འཛུགས་སྐྱོང་སྔར་ལས་ལྷག་པ་བྱེད་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཡོད།

ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཏན་ཁྲིའི་ཉེ་འགྲམ་དུ། མང་ཚོགས་ནས་ཐེར་འདོན་བྱས་པའི་ཁྲིམས་འཛིན་རུ་མིས་ཆར་རྡུང་ལ་མི་འཛེམ་པར་ཞིབ་བཤེར་བྱས་ནས། དུས་ཐོག་ཏུ་ས་འོག་ལྕགས་ལམ་གྱི་ཨར་སྐྲུན་ལས་ཡུལ་དངོས་ཞིག་གིས་སྒྲིག་སྲོལ་ལས་འགལ་ཏེ་ཆུ་འབུད་བཤངས་བྱས་པའི་བྱ་སྤྱོད་ཤེས་རྟོགས་ཐུབ་པ་མ་ཟད་བཀག་འགོག་ཐུབ་ཡོད། ཉེ་དུས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡོད་ལ་དམ་པོར་བཅངས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོས་ཁྲིད་སྟོན་བྱེད་པ་དང་། ཁུན་མིང་གྲོང་ཁྱེར་གྱི་སྡེ་ཁག་མང་པོས་དྲ་བ་ཅན་གྱི་ཕྱོགས་བསྡུས་ལྟ་སྐུལ་བཀོད་འདོམས་ལྟེ་གནས་བརྒྱུད་ཐེར་འདོན་གྱོད་གཞི་1300ལྷག་བསྡུ་རུབ་བྱས་ནས། སྐོར་ཞིབ་ཁྲིམས་འཛིན་ཐེངས་2600ལྷག་བྱས་ཡོད། ཁུན་མིང་གྲོང་ཁྱེར་ཏན་ཁྲེ་དོ་དམ་ཅུད་ཕྱོགས་བསྡུས་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་གི་རུ་དཔོན་རྒན་པ་ཀྲང་ཡུང་གིས། གྲོང་མི་མང་ཚོགས་ནས་དོ་ཁུར་ཆེ་ཙམ་བྱེད་པའི་ང་ཚོའི་འཛུགས་སྐྲུན་རྣམ་གྲངས་ཁག་ཅིག་ལ་ད་དུང་ལྐོག་ཏུ་འབུད་བཤངས་བྱེད་པའི་བྱ་སྤྱོད་དེ་རིགས་ཐོན་སྐབས། ང་ཚོའི་ས་ཁོངས་དབྱེ་བའི་རུ་ཁག་སོ་སོས་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་ནན་པོ་བྱས་ཏེ། གནད་དོན་ཡོད་པ་ཤེས་རྟོགས་ཐུབ་ཚེ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

དམིགས་འབེན་སྟོན་ཕྱོགས་དང་གནད་དོན་སྟོན་ཕྱོགས་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ལིའོ་ཉིང་གིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་མཉམ་འགུལ་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཡིག་སྐུར་ངོ་གཏུག་གི་འབུར་ཐོན་གནད་དོན་ཞེས་པ་དང་། ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་གྱི་མངོན་གསལ་དོད་པའི་གནད་དོན་ཞེས་པའི་ཆེད་དོན་བཅོས་སྒྲིག་གཉིས་ཀྱི་ལས་དོན་སྤེལ་ཡོད། ལིའོ་ཉིང་ཞིང་ཆེན་དམངས་སྲིད་ཐིང་གི་ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཝེ་ཀོང་གིས། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་ནན་སྐྱོང་བྱེད་པ་དང་། མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པ། ལས་འགན་ཏན་ཏིག་འཁུར་བ་སོགས་ཐད་ཀྱི་ཧེ་བག་དང་མི་འདང་སའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཏེ། ཏང་ཡོན་ལས་བྱེད་པས་མི་དམངས་ལྟེ་བར་བྱེད་པའི་གོང་འཕེལ་བསམ་བློ་སྔར་བས་བརྟན་པོ་འཛུགས་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

བོད་ལྗོངས་དམག་ཁུལ་ཁང་དམག་དཔུང་ལོ་རྒྱུས་ཁང་དུ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡོད་ལ་དམ་པོར་བཅངས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཞིག་སྤེལ་ཡོད་པ་རེད། རྩ་ཆེའི་རིག་དངོས་ཀྱི་ཚད་ལྡན་ཡིག་ཆ་དང་དཔྱད་གཞིའི་ཡིག་ཆ་འབོར་ཆེན་ཞིག་གི་ཐོག་ནས། ལོ་ངོ་དྲུག་བཅུའི་རིང་མི་དམངས་བཅིངས་འགྲོལ་དམག་གིས་བོད་ལྗོངས་ལ་བཅིངས་འགྲོལ་བཏང་བ་དང་། བོད་ལྗོངས་སྲུང་སྐྱོབ་བྱེད་པ། བོད་ལྗོངས་འཛུགས་སྐྲུན་བཅས་བྱེད་པའི་སྤྱིར་བཏང་མིན་པའི་ལོ་ཟླ་དང་བྱས་རྗེས་རླབས་པོ་ཆེ་སླར་ཡང་མངོན་པར་བྱས་ཡོད། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་དྲུང་ཆེ་གཞོན་པ། ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚེ་རིང་དབང་འདུས་ཀྱིས། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྗེད་མི་རུང་། ལྷག་བསམ་རྣམ་དག་གིས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་ང་ཚོར་སྤྲད་པའི་འགན་འཁྲི་ལག་བསྟར་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་འཕྲལ་ལ་ངོ་རྒོལ་བཅས་བྱ་ཆེད། སྒྲིག་ཁྲིམས་ཀྱི་འགན་སྲུང་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།