ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་དུས་རབས་གསར་བའི་ཏང་གི་ལོ་རྒྱུས་ལས་འགན་ལ་དམིགས་ནས་ཆེད་དོན་སློབ་སྦྱོང་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124736348_15627654202141n.jpg

ཟླ7པའི་ཚེས8ཉིན་ནས་ཚེས་དགུའི་ཉིན་བར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས་ཏེ། དུས་རབས་གསར་བའི་ཏང་གི་ལོ་རྒྱུས་ལས་འགན་ལ་དམིགས་ནས་ཆེད་དོན་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཟླ་བདུན་པའི་ཚེས་བརྒྱད་ཉིན་ནས་ཚེས་དགུའི་ཉིན་བར་གྲོས་ཚོགས་བསྡུས་ཏེ། དུས་རབས་གསར་བའི་ཏང་གི་ལོ་རྒྱུས་ལས་འགན་ལ་དམིགས་ནས་ཆེད་དོན་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཚོགས་ཐོག་ནས་བལྟས་ན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལྷན་སྐྱེས་ཀྱི་ལོ་རྒྱུས་ལས་འགན་ཡིན་ལ། ཏང་གི་ཁྱོན་ཡོངས་ཀྱི་འབད་འཐབ་ཁྲོད་དུ་ལག་བསྟར་བྱེད་དགོས་པར་སྙམ། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་དུས་སྐབས་མི་གཅིག་པའི་ནང་དུ་རབས་དུ་མའི་ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་ལ་འགོ་ཁྲིད་ནས་བསྟུད་མར་འབད་འཐབ་བྱས་པའི་བྱེ་བྲག་གི་དམིགས་འབེན་དང་འོས་འགན་གཅིག་འདྲ་མིན་མོད། འོན་ཀྱང་ཀྲུང་གོ་མི་དམངས་ཀྱི་བདེ་སྐྱིད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ཐོག་མའི་འོས་འགན་དེ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པའི་གཙོ་གནད་ཧ་ཅང་མངོན་གསལ་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་ང་ཚོའི་ཏང་གིས་རྒྱལ་ཡོངས་ལ་སྲིད་བསྐྱངས་ནས་ལོ་ངོ་བདུན་ཅུ་འཁོར་བའི་སྐབས་འདིར། ཐོག་མའི་བསམ་འདུན་ལ་ཕྱིར་ལྟ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་སྒྲུབ་པའི་རང་རྟོག་རང་བཞིན་དང་འགྱུར་མེད་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཏང་གི་ལོ་རྒྱུས་ལས་འགན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་པའི་འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ཡོད་པར་འདོད།

གྲོས་ཚོགས་ནས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གིས་མི་དམངས་འགོ་ཁྲིད་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་དང་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་དུ་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ཡོད། གཏིང་ཟབ་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་སྟེང་གི་འགན་ནུས་ནས་འགོ་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་ཁྲིམས་འཛུགས་དབང་ཆ་དང་ལྟ་སྐུལ་དབང་ཆ་ལག་བསྟར་བྱེད་པ། འཐུས་མིའི་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་བཟང་བོར་སྒྲུབ་པ། ཕྱི་ཕྱོགས་འགྲོ་འོང་གི་བྱེད་སྒོ་དར་སྤེལ་དུ་བཏང་ནས། དུས་རབས་གསར་བའི་ཏང་གི་ལོ་རྒྱུས་ལས་འགན་མངོན་འགྱུར་བྱེད་པའི་ཐད་ལ་དམངས་ཆེན་གྱིས་འདོན་འོས་པའི་བྱས་རྗེས་འཇོག་དགོས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།