ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱིའི་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱིའི་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ཏེ་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་དགོས་པའི་རེ་བ་བཏོན།

བསམ་འཆར་ལས་བསྟན་དོན། སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱི་ནི་སྲིད་གཞུང་སྤྱི་ཐུན་འགན་ནུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྨང་གཞི་རང་བཞིན་དང་ཞབས་ཕྱི་རང་བཞིན། འགན་སྲུང་རང་བཞིན་གྱི་བྱ་བ་གཙོ་བོ་ཞིག་ཀྱང་ཡིན། སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། གཅིག་གྱུར་སྒོས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་དང་མཐུན་སྦྱོར་སྒོས་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བའི་རེ་བ་ལྟར། ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་མཛེས་པའི་འཚོ་བར་རེ་སྙེག་དང་ཉིན་རེར་འཕར་བའི་བཅའ་ཁྲིམས་ཞབས་ཕྱིའི་དགོས་མཁོ་སྐོང་བར་དམིགས་ནས། གྲོང་གསེབ་ཡོངས་ལ་ཁེབས་པ་དང་སྟབས་བདེ་ནུས་མཐོ། འདྲ་མཉམ་ཀུན་ཕན་གྱི་དེང་རབས་སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱིའི་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།

བསམ་འཆར་ལས་བསྟན་དོན་། ཉིས་སྟོང་ཉེར་གཉིས་ལོའི་བར་དུ་གྲོང་གསེབ་ཡོངས་ལ་ཁེབས་པ་དང་སྟབས་བདེ་ནུས་མཐོ། འདྲ་མཉམ་ཀུན་ཕན་གྱི་དེང་རབས་སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱིའི་མ་ལག་ཕལ་ཆེར་ཆགས་པར་བྱེད་དགོས་པ་དང་། ཉིས་སྟོང་སོ་ལྔ་ལོའི་བར་དུ་ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་ཀྱི་གཞི་རྩའི་འཛུགས་སྐྲུན་དམིགས་འབེན་དང་མཐུན་པའི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཕྱིའི་མ་ལག་ཕལ་ཆེར་ཆགས་པར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།