ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་མཐོ་རིམ་ལས་རིགས་སློབ་གྲྭའི་སྦྱངས་འབྲས་ཕུལ་བྱུང་བྱ་དགའི་དངུལ་དང་སློབ་སྐྱོར་རོགས་དངུལ་གྱི་ཁྱབ་རྒྱ་ཆེ་རུ་དང་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་རེད།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སློབ་མར་རོགས་དངུལ་སྤྲོད་པའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ལས་རིགས་སློབ་གསོའི་ཡིད་དབང་འགུགས་ཤུགས་ཆེ་རུ་གཏོང་ཆེད། ནོར་སྲིད་པུའུ་དང་སློབ་གསོ་པུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཉིན་ཤས་གོང་བརྡ་ཐོ་བཏང་ནས2019ལོ་ནས་བཟུང་མཐོ་རིམ་ལས་རིགས་སློབ་གྲྭའི་སྦྱངས་འབྲས་ཕུལ་བྱུང་བྱ་དགའི་དངུལ་དང་སློབ་སྐྱོར་རོགས་དངུལ་གྱི་ཁྱབ་རྒྱ་ཆེ་རུ་དང་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་འབྲེལ། འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ཕུལ་བྱུང་བྱ་དགའི་དངུལ་འཛུགས་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

སྡེ་ཚན་གཉིས་ཀྱིས་ཁྱབ་བསྒྲགས་བྱས་པའི《ལས་རིགས་སློབ་གྲྭའི་སྦྱངས་འབྲས་ཕུལ་བྱུང་བྱ་དགའི་དངུལ་དང་སློབ་སྐྱོར་རོགས་དངུལ་གྱི་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོར》གཞིགས་ན། རང་རྒྱལ་གྱིས་མཐོ་རིམ་ལས་རིགས་སློབ་གྲྭའི་སྦྱངས་འབྲས་ཕུལ་བྱུང་བྱ་དགའི་དངུལ་དང་སློབ་སྐྱོར་རོགས་དངུལ་གྱི་ཁྱབ་རྒྱ་ཆེ་རུ་དང་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་རེད།

མཐོ་རིམ་ལས་རིགས་སློབ་གྲྭའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ཕུལ་བྱུང་བྱ་དགའི་དངུལ་གྱི་ཁ་གྲངས་མང་དུ་གཏོང་རྒྱུ། 2019ལོ་ནས་བཟུང་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ཕུལ་བྱུང་བྱ་དགའི་དངུལ་གྲངས་དེ་གོང་གི་ཁྲི5ནས་ཁྲི6བར་མང་དུ་གཏོང་རྒྱུ་དང་། མང་དུ་བཏང་བའི་ཁ་གྲངས་ཚང་མ་དམིགས་བསལ་ཕུལ་བྱུང་གི་ཉིན་གང་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མར་སྤྲོད་རྒྱུ་དང་། བྱ་དགའི་ཚད་གཞི་ནི་སློབ་མ་རེར་ལོ་རེར་སྒོར8000ཡིན་པ་རེད།

མཐོ་རིམ་ལས་རིགས་སློབ་གྲྭའི་རྒྱལ་ཁབ་ཀྱི་ཕུགས་བསམ་འཛུགས་པའི་བྱ་དགའི་དངུལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ། 2019ལོ་ནས་བཟུང་མཐོ་རིམ་ལས་རིགས་སློབ་མའི་རྒྱལ་ཁབ་ཀྱི་ཕུགས་བསམ་འཛུགས་པའི་བྱ་དགའི་དངུལ་གྱི་ཁྱབ་རྒྱ10%མཐོ་རུ་གཏོང་རྒྱུ་སྟེ། དེ་གོང་གི་3%ནས་3.3%བར་མཐོ་རུ་གཏོང་རྒྱུ་དང་བྱ་དགའི་ཚད་གཞི་སློབ་མ་རེར་ལོ་རེར་སྒོར5000ཡིན་པ་རེད།

མཐོ་རིམ་ལས་རིགས་སློབ་གྲྭའི་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་གྱི་ཁྱབ་རྒྱ་ཆེ་རུ་དང་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུ། 2019ལོའི་དཔྱིད་དུས་ཀྱི་སློབ་དུས་ནས་བཟུང་། མཐོ་རིམ་ལས་རིགས་སློབ་མའི་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་གྱི་ཁྱབ་ཚད10%མཐོ་རུ་གཏོང་རྒྱུ་དང་ཆ་སྙོམས་ཁ་གསབ་ཚད་གཞི་སློབ་མ་རེར་ལོ་རེར་སྒོར3000ནས3300བར་མཐོ་རུ་གཏོང་རྒྱུ། དངོས་གཞིའི་ཚན་ཁག་དཀྱུས་མའི་སློབ་མའི་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་གྱི་ཆ་སྙོམས་ཁ་གསབ་ཚད་གཞི་ཡང་སློབ་མ་རེར་ལོ་རེར་སྒོར3000ནས་སྒོར3300བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

བརྡ་ཐོའི་ནང་བསྟན་དོན། 2019ལོ་ནས་བཟུང་། འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ཕུལ་བྱུང་བྱ་དགའི་དངུལ་བཙུགས་ཏེ་འབྲིང་རིམ་ལས་རིགས་སློབ་གྲྭའི(ལག་རྩལ་བཟོ་པའི་སློབ་གྲྭ་ཚུད་པ)ཉིན་གང་ལམ་ལུགས་ཀྱི་སློབ་གྲྭར་སྐྱོད་མུས་ཀྱི་དམིགས་བསལ་ཕུལ་བྱུང་གི་སློབ་མར་སྤྲོད་རྒྱུ་དང་། ལོ་ལྟར་སློབ་མ་ཁྲི་2ལ་སྤྲོད་རྒྱུ་དང་བྱ་དགའི་ཚད་གཞི་སློབ་མ་རེར་ལོ་རེར་སྒོར6000ཡིན་པ་རེད།

སྡེ་ཚན་གཉིས་ཀྱིས་བརྗོད་དོན། འབྲེལ་ཡོད་སྡེ་ཚན་དང་སློབ་གྲྭ་ཁག་གིས་སྲིད་ཇུས་ཀྱི་དགོངས་དོན་ནན་ཏན་ངང་ཁོང་དུ་ཆུད་པ་བྱས་ཏེ། དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་སློབ་མ་དེ་བས་མང་བས་ཁྱབ་རྒྱ་ཆེ་བའི་རྒྱལ་ཁབ་ཀྱི་རོགས་དངུལ་ལོངས་སྤྱོད་ཐུབ་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་མར་སྔོན་ལ་རོགས་དངུལ་ཐོབ་པ་བྱེད་པ་དང་། གཞན་ཡང་གཞུང་བཙུཌ་དང་དམངས་བཙུགས་ཚུད་པའི་རིགས་ཁག་གི་ལས་རིགས་སློབ་གྲྭར་ཕྱོགས་ཞེན་མེད་པ་བྱས་ཏེ། དམངས་བཙུགས་ལས་རིགས་སློབ་གྲྭས་གཏན་འབེབས་ལྟར་རིམ་མཚུངས་སྲིད་ཇུས་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།