ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཁྲིན་གྱིས་དབྱི་ཐ་ལིའི་སྔོན་ཆད་ཀྱི་ཙུང་ལི་ཕུའུ་ལོ་ཏེ་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་པེ་ཅིན་ནས་ཐེ་ཧུའུ་འཛམ་གླིང་རིག་གནས་གླེང་སྟེགས་ཀྱི་མཚན་འཛིན་ཀྲུའུ་ཞི། དབྱི་ཐ་ལིའི་སྔོན་ཆད་ཀྱི་ཙུང་ལི་ཕུའུ་ལོ་ཏེ་ལ་ཐུག་འཕྲད་བྱས།

ཝང་ཁྲིན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་ཟླ་གསུམ་པར་དབྱི་ཐ་ལི་ལ་རྒྱལ་དོན་འཚམས་འདྲི་མཛད་དེ་ཀྲུང་གོ་དང་དབྱི་ཐ་ལིའི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ཀྲུང་གོས་ཁྲིམས་འཛུགས་ལས་ཁུངས་དང་མི་གཞུང་བརྗེ་རེས་སྟེགས་བུ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀྲུང་གོ་དང་དབྱི་ཐ་ལི་དང་བཅས་པའི་དཔལ་ཡོན་མི་འདྲ་བར་འཆམ་མཐུན་མཉམ་གནས་དང་བརྗེ་རེས་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕུའུ་ལོ་ཏེ་ཡིས་བཤད་རྒྱུར། དབྱི་ཐ་ལི་ཕྱོགས་ཀྱིས་ནུས་ཤུགས་གང་ཡོད་བཏོན་ནས་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བའི་བར་གྱི་མི་གཞུང་བརྗེ་རེས་རྒྱ་བསྐྱེད་པར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།