ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་བཅོ་ལྔའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ནན་ཏན་སྒོས་སློབ

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་དྲ་བས་གློག་འཕྲིན་འབྱོར་གསལ། ཉེ་ལམ། ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་བཅོ་ལྔའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་དེ་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་པར་མ་ཟད་ས་གནས་སོ་སོ་དང་ལས་ཁུངས་སོ་སོ། སྡེ་ཁག་སོ་སོ་བཅས་ཀྱིས་བརྗོད་དོན་སློབ་གསོའི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། འབུར་ཐོན་གནད་དོན་གཙོར་བཟུང་ནས་ཐག་གཅོད་རྒྱུན་འཁྱོངས་བྱེད་པར་མ་ཟད་ཏང་གི་རང་ཉིད་གསར་བརྗེ་ཡི་ཉམས་མྱོང་གལ་ཆེན་ལ་བརྟེན་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོ། སྡེ་ཁག་སོ་སོས་ཕུགས་འདུན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཏང་གཤིས་གསོ་སྦྱོང་ལ་ཤུགས་སྣོན་པ། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་གཟབ་ནན་བྱེད་པ། རྒྱུན་ལྡན་རང་བཞིན་གྱི་སློབ་གསོ་དང་ཐུན་མོང་རང་བཞིན་གྱི་སློབ་གསོ་ཟུང་སྦྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤོབས་པ་ཆེན་པོས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། ཏང་ནང་ཁུལ་གྱི་ལྟ་རྟོག་ལ་ཤུགས་སྣོན་པ། མི་དམངས་ཀྱི་ལྟ་རྟོག་དང་ལེན་བྱེད་པ་སོགས་ཀྱི་ཉམས་མྱོང་བཟང་བོ་དང་སྒྲུབ་སྟངས་གསར་བ་དེ་བརྗོད་དོན་སློབ་གསོའི་སློབ་སྦྱོང་སློབ་གསོ་དང་ཞིབ་བཤེར་ཞིབ་འཇུག གནད་དོན་ལ་ཞིབ་ལྟ་བྱེད་པ། དག་ཐེར་བཅོས་སྒྱུར་མཐའ་འཁྱོལ་བྱེད་པ་བཅས་བྱེད་ཐབས་གལ་ཆེན་བཞིའི་ཁྲོད་དུ་བཀོལ་སྤྱོད་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་བརྗོད་དོན་གཙོ་བོ་བྱས་ཏེ། རྦད་ཆོད་སྒོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ཏང་ཡོན་ལས་བྱེད་པས་ཏང་གཤིས་ཇེ་དྲག་ཏུ་གཏོང་བ་དང་ནུས་པ་ཇེ་མཐོར་གཏོང་བ། སྤྱོད་ཚུལ་ལེགས་སྒྱུར་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་ཁྲོད་དུ་མཚོན་པར་བྱེད་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་དང་དངོས་འབེབས་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་བྱེ་བྲག་ལག་ལེན་ཁྲོད་དུ་མཚོན་པར་བྱེད་དགོས་ཞེས་གསལ་བོར་བསྟན་ཡོད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།