ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཀྲུང་གོ་དམངས་ཆེན་ལམ་ལུགས་རིགས་གཞུང་ཞིབ་འཇུག་ཚོགས་པའི་ལོ་ཚོགས་དང་སྐབས་བརྗེ་འདེམ་བསྐོའི་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཀྲུང་གོ་དམངས་ཆེན་ལམ་ལུགས་རིགས་གཞུང་ཞིབ་འཇུག་ཚོགས་པའི་ལོ་ཚོགས་དང་སྐབས་བརྗེ་འདེམ་བསྐོའི་གྲོས་ཚོགས་ལ་ཞུགས་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གོམ་སྟབས་ཀྱི་རྗེས་སུ་འབྲངས་པ་དང་དུས་རབས་ཀྱི་རེ་བ་དང་མཐུན་པར་བྱས་ནས། དམངས་ཆེན་ལམ་ལུགས་རིགས་གཞུང་ཞིབ་འཇུག་གི་དུས་རབས་རང་བཞིན་དང་ལག་ལེན་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། དམངས་ཆེན་ལམ་ལུགས་རིགས་གཞུང་ཞིབ་འཇུག་བཟང་བོར་བསྒྲུབ་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་རྩ་བའི་བསྲུང་བྱ་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟན་ནན་མོ་བྱེད་པ་དང་དོན་དངོས་གནད་དོན་ཐག་གཅོད་པར་ཞིབ་འཇུག་བྱེད་པར་མ་ཟད། དམངས་ཆེན་ལམ་ལུགས་སྔར་ལས་འཐུས་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། དམངས་ཆེན་གཏམ་རྒྱུད་ལེགས་པར་བརྗོད་ནས་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀུན་ལ་ཤེས་སུ་འཇུག་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་ཀྲུང་གོ་དམངས་ཆེན་ལམ་ལུགས་རིགས་གཞུང་ཞིབ་འཇུག་ཚོགས་པའི་སྐབས་བརྗེ་བྱ་བ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རིགས་གཞུང་ཞིབ་འཇུག་བྱ་བར་འགོ་ཁྲིད་པར་ཤུགས་སྣོན་པ་དང་དམངས་ཆེན་ལམ་ལུགས་རིགས་གཞུང་ཞིབ་འཇུག་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཏེ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།