ཀྲུང་གོ་བོད་ཀྱི་དྲ་བ།

བཟོ་འཕྲིན་པུའུ《ཇུས་གཞི》པར་འགྲེམས་བྱས་ནས་གཙོ་རྒྱུག་APPཉིས་བརྒྱ་ལ་གྲངས་གཞིའི་བདེ་འཇགས་ཞིབ་བཤེར་བྱེད་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་7པའི་ཚེས་2ཉིན། བཟོ་འཕྲིན་པུའུཇུས་གཞིའིནང་APPཡི་ཁྲིམས་འགལ་སྒྲིག་འགལ་གྱི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ནས་APPཡིས་ཁྲིམས་འགལ་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

2019_07_03_18ced3134d61407ba30dab5c58f96de3.jpeg

ཉེ་བའི་ལོ་ཤས་རིང་གྲངས་གཞི་ཆེན་མོའི་ལག་རྩལ་གསར་གཏོད་དང་བཀོལ་སྤྱོད་ཉིན་བཞིན་ཆེ་རུ་ཕྱིན་ཡོད་པས། སྣ་མང་ཕུན་སུམ་ཚོགས་པ་དང་བེད་སྤྱོད་རིན་ཐང་ལྡན་པའི་གཞི་གྲངས་དྲ་རྒྱའི་ཐོག་ཏུ་ཐོན་བཞིན་ཡོད་པ་དང་དེས་གཅིག་སྡུད་བྱས་ཡོད། དེ་དང་ཆབས་ཅིག་གཞི་གྲངས་བདེ་འཇགས་ཀྱི་གནད་དོན་ཁག་གཅིག་ཀྱང་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ནས་གློག་འཕྲིན་དང་དྲ་སྦྲེལ་ལས་རིགས་ཀྱི་དྲ་རྒྱའི་གཞི་གྲངས་བདེ་འཇགས་དོ་དམ་ཡག་པོ་བྱ་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། 《ཇུས་གཞི》གཞིར་བཟུང་། འདི་ལོའི་ཟླ་10པའི་ཟླ་མཇུག་གོང་རྨང་གཞིའི་གློག་འཕྲིན་ཁེ་ལས་དང་། གཙོ་གནད་དྲ་སྦྲེལ་ཁེ་ལས་50དང་གཙོ་གནད་APPཉིས་བརྒྱ་བཅས་ཀྱི་གཞི་གྲངས་ཆ་ཚང་ལེགས་སྡུད་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།