ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་རྩ་འཛུགས་པུའུ་སོགས་ཀྱིས་བརྡ་སྦྱོར་བཀྲམ་ནས་བློ་མཐུན་ཀྲང་ཧྥུའུ་ཆིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ། དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་བཅས་ཀྱིས་ཉེ་སྔོན་བློ་མཐུན་ཀྲང་ཧྥུའུ་ཆིན་ལ་སློབ་སྦྱོང་བྱེད་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་དེ་བློ་མཐུན་ཀྲང་ཧྥུའུ་ཆིན་གྱི་སྔོན་ཐོན་ལག་རྗེས་ལ་སློབ་སྦྱོང་བྱེད་དགོས་པ་དང་། གཞི་རིམ་རང་རྩ་འཛུགས་ཀྱིས་གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག་དང་བརྗོད་དོན་ཏང་གི་ཉིན་མོ་སོགས་ལ་རྒྱབ་རྟེན་ནས། སྔོན་ཐོན་ལ་སློབ་སྦྱོང་བྱེད་པ་དང་སྔོན་ཐོན་གྱི་རྗེས་བསྙེག་པ། སྔོན་ཐོན་བརྩོན་ལེན་བྱེད་དགོས། རིམ་པ་སོ་སོའི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་སྡེ་ཁག་གིས་དཔའ་བོ་དཔེ་ལེགས་ཅན་ལ་དད་གུས་བྱེད་པའི་བྱ་འགུལ་སྤེལ་བར་ཟུང་འབྲེལ་བྱས་ནས། དམག་ཁུངས་ནས་ཕྱིར་བུད་ཀྱང་ཏང་ནང་ནས་ཕྱིར་མི་འབུད་པར་བྱེད་དགོས། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་བློ་མཐུན་ཀྲང་ཧྥུའུ་ཆིན་གྱི་སྔོན་ཐོན་ལག་རྗེས་ལ་སློབ་སྦྱོང་བྱེད་རྒྱུ་དེ་དམར་པོའི་གཞི་རྒྱུད་རྒྱུད་འཛིན་དང་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་འགན་འཁྲི་ཕྲག་ཏུ་ལེན་པའི་བརྗོད་དོན་སློབ་གསོ་ཁྲོད་བཞག་སྟེ། ངས་འབད་འཐབ་བྱེད་པ་དང་ང་རང་ཕུལ་དུ་བྱུང་བའི་ལས་རྐང་སྟེང་བྱས་རྗེས་འཇོག་པའི་བྱ་འགུལ་སྤེལ་བ་དང་། རང་རྟོགས་སྒོས་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་ལས་དོན་ཁྲོད་ཞུགས་པ་དང་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།