ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བློ་མཐུན་ཧོང་ཝུན་ཞིག་གི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བློ་མཐུན་ཧོང་ཝུན་ཞིག་གི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་སྟེ་བློ་མཐུན་ཧོང་ཝུན་ཞིག་སྟབས་མ་ལེགས་པར་ཚེ་ལས་འདས་པར་ཕངས་སེམས་ཆེན་པོ་སྐྱེས་ཡོད་པ་དང་། མོའི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུ་བ་ཡིན་ཞེས་བསྟན། ཁོང་གིས་བསྟན་དོན། བློ་མཐུན་ཧོང་ཝུན་ཞིག་ཞིབ་འཇུག་སློབ་མ་མཐར་ཕྱིན་རྗེས།  གྲོང་ཁྱེར་ཆེན་པོ་ནས་བྱ་བ་སྒྲུབ་པའི་གོ་སྐབས་བསྐྱུར་ཏེ་ཕྱིར་ཕ་ཡུལ་དུ་ལོག་སྟེ་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཕྱོགས་དང་པོ་ནས་ཧུར་ཐག་སྒོས་བྱ་བ་བསྒྲུབས་པ་དང་བྱས་རྗེས་གང་ཡོད་བཞག་ཅིང་། རང་ཉིད་ཀྱི་ནུས་ཤུགས་ལ་བརྟེན་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་དང་ལེན་བྱས་པ་དང་དུས་རབས་གསར་བའི་ལང་ཚོའི་བསྟོད་གླུ་ཕུལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ན་གཞོན་བློ་མཐུན་རྣམས་ཀྱིས་བློ་མཐུན་ཧོང་ཝུན་ཞིག་མིག་དཔེ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་། སྤོབས་པ་ཆེན་པོས་ཁག་ཁུར་དང་འགན་འཁྲི་དང་ལེན་བཟང་བོ་བྱས་ནས་དུས་རབས་གསར་བའི་རྒྱང་སྐྱོད་བགྲོད་ལམ་སྟེང་དུ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

བློ་མཐུན་ཧོང་ཝུན་ཞིག་འཚོ་གནས་སྐབས་སུ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་པེ་སི་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པ་ཡིན། ཉིས་སྟོང་བཅུ་དྲུག་ལོར་ཁོ་མོ་པེ་ཅིན་དགེ་ཐོན་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་མཐར་ཕྱིན་རྗེས། ཕྱིར་ཕ་ཡུལ་པེ་སི་རུ་སོང་ནས་བྱ་བ་བསྒྲུབས། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གསུམ་པར་བློ་མཐུན་ཧོང་ཝུན་ཞིག་རྩ་འཛུགས་ཀྱི་འབོད་སྐུལ་ལྟར། ལི་ཡེ་རྫོང་པེ་ཉིས་སྡེ་བ་རུ་སོང་ནས་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་འཁུར། ཁོ་མོས་སྡེ་བའི་ཁྱིམ་ཚང་གྱ་བརྒྱད་དང་དབུལ་ཕོངས་མང་ཚོགས་བཞི་བརྒྱ་དང་བཅོ་བརྒྱད་ལ་སྣེ་ཁྲིད་དེ་དབུལ་ཕོངས་ལས་ཐར་བར་བྱས་པས། སྡེ་བ་ཡོངས་ནས་དབུལ་ཕོངས་སུ་འགྱུར་ཚད་བརྒྱ་ཆའི་ཉི་ཤུ་ལྷག་གིས་ཇེ་དམར་སོང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་གྱི་ཞོགས་པར། མོ་པེ་སི་ནས་ལི་ཡེ་ལ་འགྲོ་བའི་ལམ་བར་དུ་ཆུ་ལོག་དང་འཕྲད་ནས་སྟབས་མ་ལེགས་པར་ཚེ་ལས་འདས་པ་དང་ལོ་སུམ་ཅུའི་རིན་ཐང་བྲལ་བའི་ཚེ་སྲོག་བློས་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།