ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《“ཐོག་མའི་བསམ་འདུམ་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་དོན་སློབ་གསོ་ལས་དོན་ཚོགས་འདུའི་སྟེང་གི་གསུང་བཤད》སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ7པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》འདོན་ཐེངས13པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་སྟེང་གི་གསུང་བཤད》སྤེལ་བ་རེད།

རྩོམ་ཡིག་ནང་བསྟན་དོན། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་མིའི་མི་རབས་ནས་མི་རབས་བར་གཅིག་རྗེས་གཉིས་མཐུད་ཀྱིས་རྗེས་མཐུད་བྱེད་པར་སྐུལ་མ་དང་སྤོབས་པ་ཆེན་པོས་འབད་འཐབ་བྱེད་པའི་རྩ་བའི་སྒུལ་ཤུགས་ཡིན། “ཐོག་མའི་བསམ་འདུམ་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ནས“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ།  ཁྱད་པར་བཙལ་ནས་དོན་འཁྱོལ་དམ་འཛིན་བྱེད་པའི”་སྤྱིའི་རེ་བ་གསལ་བོར་ཤེས་པར་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ལྷག་བསམ་རྣམ་དག་དང་།  འགན་འཁུར་ཕོད་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་གོམས་སུ་འཇུག་པ།  རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ཐུན་མོང་གིས་འབད་འཐབ་བྱེད་པའི་རྩ་བའི་ལས་འགན་གསལ་བོར་ཤེས་པར་བྱས་ནས། ཧུར་ཐག་གིས་རིག་གཞུང་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་བསམ་བློ་ཆབ་སྲིད་ཀྱི་ནུས་པ་ཇེ་ཆེར་འགྱུར་བ།   དོན་སྒྲུབ་ལས་སྤེལ་ལ་ཁག་ཁུར་བྱེད་ཕོད་པ། དམངས་ལ་ཞབས་ཕྱི་སྒྲུབ་པ་དང་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང་གི་མིག་དཔེ་སྟོན་པའི་ནུས་པ་འདོན་པའི་དམིགས་འབེན་མངོན་འགྱུར་བྱས་ནས། ཐེངས་འདིའི་བརྗོད་དོན་སློབ་གསོའི་ཐད་ནས་སྔོན་དཔག་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་ཟེར།

རྩོམ་ཡིག་ནང་བསྟན་དོན། བརྗོད་དོན་སློབ་གསོའི་དམིགས་འབེན་དང་རེ་བ་གསལ་བོར་ཤེས་པར་བྱེད་དགོས། བརྗོད་དོན་སློབ་གསོའི་སྤྱིའི་རེ་བ་ནི་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་ལས་འགན་དང་ཏང་ནང་ཁུལ་དུ་གནས་པའི་འབུར་ཐོན་གནད་དོན་ལ་དམིགས་པ་དང་། ཐེངས་འདིའི་བརྗོད་དོན་སློབ་གསོའི་ཁྱད་ཆོས་དང་སྦྲེལ་ནས་བཏོན་པ་ཡིན་པ་དང་། ཕན་ཚུན་འབྲེལ་འདྲིས་བྱས་པའི་སྤྱིའི་རྣམ་པ་ཞིག་ཡིན་པས། ཁྱོན་ཡོངས་ཁོང་དུ་ཆུད་པར་བྱེད་པ་དང་བརྗོད་དོན་སློབ་གཙོའི་བརྒྱུད་རིམ་ཡོངས་དང་སྦྲེལ་དགོས། བརྗོད་དོན་སློབ་གསོའི་དམིགས་འབེན་དང་ལས་འགན་ལས་ཏང་གིས་དུས་རབས་གསར་བའི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་ཆབ་སྲིད་དང་སྤྱོད་ཚུལ། ནུས་པ། སྲིད་གཙང་ཕྱོགས་སུ་བཏོན་པའི་གཞི་རྩའི་རེ་བ་མཚོན་པར་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།