ཀྲུང་གོ་བོད་ཀྱི་དྲ་བ།

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཁ་ཤས་ཀྱི་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས།

    སྤེལ་དུས། : 2019-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཁ་ཤས་ཀྱི་བྱ་བའི་བཞུགས་མོལ་ཚོགས་འདུ་ཚེས་ཉེར་བདུན་ཉིན་པེ་ཅིན་ནས་ཚོགས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   མཛུན་སྟོན་ཚན་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་བཅོ་ལྔ་བའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།   བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཐད་གནང་བའི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་།   མཛུབ་སྟོན་ཚན་ཁག་གི་འབྲེལ་འདྲིས་སྡེ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་།    བྱེད་ཐབས་འཚོལ་ཞིབ་བྱེད་པ།   བྱེད་ཐབས་གསར་གཏོད་བྱེད་པར་སྐུལ་སློང་བྱས་ཏེ་སློབ་སྦྱོང་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག    གནད་དོན་ཞིབ་བརྟག   ལེགས་བཅོས་དོན་འཁྱོལ་བཅས་བྱེད་ཐབས་གཙོ་བོ་བཞི་གཅིག་བསྡུས་ཀྱིས་ནུས་ལྡན་མཉམ་བསྲེས་དང་གཅིག་གྱུར་སྐུལ་འདེད་གཏོང་དགོས་ཟེར།  ཁྲིན་ཞི་ཡིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།