ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཁྱིམ་ལས་ཞབས་ཞུ་ལས་རིགས་རྒྱ་སྐྱེད་པ་དང་སྤུས་ཚད་མཐོར་འདེགས་གཏོང་བར་ཡར་སྐུལ་བྱེད་པའི་སྐོར་གྱི་གྲོས་གཞི་འགྲེམ་སྤེལ་བྱས།

    སྤེལ་དུས། : 2019-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཁྱིམ་ལས་ཞབས་ཞུ་ལས་རིགས་རྒྱ་སྐྱེད་པ་དང་སྤུས་ཚད་མཐོར་འདེགས་གཏོང་བར་ཡར་སྐུལ་བྱེད་པའི་སྐོར་གྱི་གྲོས་གཞི་འགྲེམ་སྤེལ་བྱས།

གྲོས་གཞིའི་ནང་བསྟན་དོན། ཁྱིམ་ལས་ཞབས་ཞུ་ལས་རིགས་ནི་གསར་དར་ཐོན་ལས་ཡིན་པ་དང་། ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་གནད་ཕིགས་དབུལ་སྐྱོར། དམངས་ཚིས་ལ་འགན་སྲུང་བྱེད་པའི་ཐད་ནུས་པ་གལ་ཆེན་ལྡན། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་ཁྱིམ་ལས་ཞབས་ཞུ་ལས་རིགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་ན་ཡང་། ཕན་ཡོད་མཁོ་འདོན་ཐད་ནས་མི་འདང་བ་དང་ལས་རིགས་འཕེལ་རྒྱས་ཚད་ལྡན་མིན་པ། མང་ཚོགས་ཡིད་མི་ཚིམ་པ་སོགས་ཀྱི་གནད་དོན་ཡོད་པས། ཁྱིམ་ལས་ཞབས་ཞུ་ལས་རིགས་རྒྱ་སྐྱེད་པ་དང་སྤུས་ཚད་མཐོར་འདེགས་གཏོང་བའི་ཡར་སྐུལ་བྱེད་པ་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་མངོན་འགྱུར་བྱེད་ཆེད། གྲོས་གཞིའི་ནང་ཕྱོགས་བཅུའི་ཐད་ཀྱི་ལས་འགན་ཕྱིར་བཏོན་ཡོད།

གྲོས་གཞིའི་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཚོང་དོན་པུའུ་གཉིས་ཀྱིས་འགོ་ཁྲིད་པའི་པུའུ་རིམ་པའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་པ་དང་། ས་ཆ་སོ་སོས་ཁྱིམ་ལས་ཞབས་ཞུ་ལས་རིགས་རྒྱ་སྐྱེད་པ་དང་སྤུས་ཚད་མཐོར་འདེགས་གཏོང་བར་ཡར་སྐུལ་བྱེད་རྒྱུ་དེ་བྱ་བའི་ཉིན་རིམ་གལ་ཆེན་ཁྲོད་འཇོག་པ་དང་། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་ལག་བསྟར་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ། སྲིད་ཇུས་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།