ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅོ་ལྔ་བ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས24ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ་རང་ཉིད་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅོ་ལྔ་བ་བསྡུས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་གི་སློབ་སྦྱོང་ལ་འགོ་འཛིན་མཛད་པར་གསུང་བཤད་གལ་ཆེན་གནང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་སུན་ཡེ་ལིས་ཀྱིས་གནད་དོན་དེའི་ཐད་ལ་སྒྲོག་འགྲེལ་བྱས་པར་མ་ཟད་བསམ་འཆར་དང་བསམ་ཚུལ་བརྗོད།

ཞི་ཅིན་ཕིང་གིས་ཐུན་མོང་གི་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་གསུང་བཤད་གནང་། ཁོང་གིས་ཐོག་མར་ཉིན་འགའི་རྗེས་སུ་ང་ཚོ་ཏང་དབུ་བརྙེས་ནས་ལོ་གོ་བརྒྱད་ལོན་པ་ཡིན་པས། བདག་གིས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་ཡིན་ཞེས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་ཏང་གི་ལོ་རྒྱུས་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་། དུས་རབས་གསར་བ་དང་རེ་བ་གསར་བར་སྦྲེལ་བྱས་ཏེ་ཏང་ཡོངས་ཀྱིས་བསམ་འདུན་སྲུང་བ་དང་། འགན་འཁྲི་ཁུར་བ། བར་ཁྱད་བཙལ་བ། དོན་འཁྱོལ་བྱེད་པར་དམིགས་ནས་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། དེ་ནི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྣེ་ཁྲིད་དེ་བརྗོད་དོན་སློབ་གསོ་སྤེལ་བའི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་མིག་དཔེ་བཟང་བོ་བསྟན་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཐད་ནས་ཏང་ཡོངས་ལ་དཔེ་སྟོན་གྱི་ནུས་པ་འདོན་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ་ཏང་གི་རང་ཉིད་གསར་བརྗེ་ལ་སྐུལ་འདེད་གཏོང་སྐབས། ཏང་གི་ཐུན་མོང་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ཏང་ནང་ཁུལ་གྱི་གནད་དོན་ཐག་གཅོད་རྒྱུ་ཟུང་སྦྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྤོབས་པ་ཆེན་པོས་ཏང་གི་འགོ་ཁྲིད་ནུས་པ་ཇེ་ཞན་དུ་གྱུར་བ་དང་ཏང་གི་སྲིད་འཛིན་རྨང་གཞི་ལ་གཡོ་འགུལ་ཆེ་བ། ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་ལ་འགལ་བའི་བྱ་སྤྱོད་ཡོད་ཚད་ལ་འཐབ་རྩོད་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཏང་ནང་ཁུལ་དུ་གནས་པའི་འབུར་ཐོན་གནད་དོན་བསལ་དགོས། དྲང་བདེན་བརྩི་སྲུང་དང་གསར་སྐྲུན་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ངོ་བོ་དང་དམིགས་འབེན་དང་ཕུགས་འདུན་འདུ་ཤེས། ཐོག་མའི་བསམ་འདུན་དང་འགན་འཁྲི་ལ་གཡོ་འགུལ་མེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། དེ་དང་མཉམ་དུ་འདུ་ཤེས་དང་བསམ་ཕྱོགས། སྒྲུབ་སྟངས། བྱེད་ཐབས་གསར་བ་བཅས་ལ་བརྟེན་ནས་ཏང་ནང་ཁུལ་དུ་གནས་པའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་གནད་འགག་དེ་ཏང་གི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པར་ཐུག་ཡོད། འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་གྱི་ནུས་པ་བཏོན་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པར་སྣེ་ཁྲིད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པར་སྣེ་ཁྲིད་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པར་སྣེ་ཁྲིད་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པར་སྣེ་ཁྲིད་པ། བདེན་ལུགས་རྒྱུན་འཁྱོངས་དང་ནོར་འཁྲུལ་ལེགས་བཅོས་བྱེད་པར་སྣེ་ཁྲིད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།