ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུངས་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ལིས་ཁི་ཆང་གིས་གསུང་རྒྱུར།   གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ནི་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པའི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་།   ལས་ཞུགས་རྒྱ་བསྐྱེད་པ་དང་སྒུལ་ནུས་གསར་པ་སྟོབས་ལྡན་དུ་གཏོང་བ།  དཔལ་འབྱོར་གཏན་འཇགས་ཁྲོད་བཟང་ཕྱོགས་སུ་འཕེལ་བ་བཅས་ཀྱི་ཐད་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས་ཡོད།   མིག་སྔར།  རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པས། རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ་དང་ཉེན་ཁའི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་ན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་དགོས་པ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བཟང་བོ་བྱེད་པ།   བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ནས་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་བྱེད་པ་དེ་གཏན་འཇགས་དྲུག་གི་བྱེད་ཐབས་གལ་ཆེན་ཏུ་བརྩི་བ་དང་ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་སྐུལ་སློང་བྱས་ཏེ་དཔལ་འབྱོར་གཏན་འཇགས་ངང་འཁོར་སྐྱོད་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར།   ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྒུལ་ཤུགས་སུ་བྱས་ཏེ་དབང་གཏོང་དང་དོ་དམ། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་ཐད་ཕན་ནུས་སྔར་ལས་བཟང་བོར་ལེན་པར་སྐུལ་འདེད་བཏང་སྟེ་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་དགོས་ཟེར།

ཧུའུ་ཁྲུན་ཧྭ་དང་ལིག་ཧི། ཝང་ཡུང་། ཞའོ་ཅེ།   ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།