ཀྲུང་དབྱང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གིས་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་སློབ་སྦྱོང་སློབ་གསོ་དང་བརྟག་བཤེར་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་ལེགས་བཅོས་བྱ་བ་དམ་འཛིན་བྱེད་པའི་སྐོར་གྱི

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་དབྱང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གིས་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་སློབ་སྦྱོང་སློབ་གསོ་དང་བརྟག་བཤེར་ཞིབ་འཇུག ཞིབ་ལྟའི་གནད་དོན། དག་ཐེར་ལེགས་བཅོས་བྱ་བ་དམ་འཛིན་བྱེད་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། ས་ཁུལ་སོ་སོ་སྡེ་ཁག་སོ་སོས་རང་སྟེང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། བྱེད་ཐབས་འཚོལ་ཞིབ་དང་རྣམ་པ་གསར་གཏོད་བྱས་ཏེ། སློབ་སྦྱོང་སློབ་གསོ་དང་བརྟག་བཤེར་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་ལེགས་བཅོས་བཅས་བྱེད་པའི་བྱེད་ཐབས་བཞི་བོ་འབྲེལ་མཐུད་བྱེད་པ་དང་། མཉམ་བསྲེས་དང་གཅིག་གྱུར་སྒོས་སྤེལ་དགོས་པའི་རེ་བ་བཏོན།

བརྡ་སྦྱོར་ནང་བསྟན་དོན། སློབ་སྦྱོང་སློབ་གསོ་ཐད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་དགོས། བརྟག་བཤེར་ཞིབ་འཇུག་ཐད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པར་དམ་དུ་དམིགས་ནས། རྟོག་ཞིབ་བྱེད་ཞོར་དུ་སློབ་སྦྱོང་དང་ཤན་སྦྱར་བརྟག་བཤེར་བྱེད་པ་དང་། རྟོག་ཞིབ་ཁྲོད་རྒྱུས་ལོན་དང་མྱོང་ཚོར་གཏིང་ཟབ་ཏུ་གཏོང་བ། གཞུང་ལུགས་དང་གནས་ཚུལ་དངོས་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད་གནད་དོན་ཐག་གཅོད་པའི་བྱེད་ཐབས་འཚོལ་དགོས། གནད་དོན་ལ་ལྟ་ཞིབ་བྱེད་པའི་ཐད་ནས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཤན་སྦྱར་ནས་བར་ཐག་འཚོལ་བ་དང་ཞན་ཆར་བརྟག་བཤེར་བྱེད་པ། སློབ་སྦྱོང་སློབ་གསོ་དང་བརྟག་བཤེར་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བའི་ཁྲོད། གནད་དོན་ལ་བརྟག་བཤེར་ཡང་དག་བྱེད་པ་དང་འབྱུང་རྩར་དབྱེ་ཞིབ་གསལ་བོ་བྱེད་དགོས། དག་ཐེར་ལེགས་བཅོས་ཐད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ནས། སྔ་མོ་ནས་དག་ཐེར་ལེགས་བཅོས་བྱེད་པ་དང་བཅོས་བསྒྱུར་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། དག་ཐེར་ལེགས་བཅོས་བཟང་བོ་བྱེད་པ་དང་དཀའ་ངལ་ཁྱད་སེལ་བྱེད་དགོས། བརྗོད་དོན་སློབ་གསོ་བརྒྱུད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་ནས་གྲུབ་འབྲས་ལེན་པ་དང་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།