ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་གྲོང་གསེབ་སློབ་ཆུང1000གིས“ཚན་རྩལ་བྱང་ཚད་མཐོར་གཏོང་འཆར་གཞི”ལག་བསྟར་བྱེད་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཚན་རྩལ་ཉིན་རེའི་ཚགས་པར་ཁང་དང་། ཀྲུང་གོའི་མི་རབས་རྗེས་མའི་སློབ་གསོ་ཐེབས་རྩ་ལྷན་ཚོགས། ཀྲུང་གོ་དུས་བདེ་འགན་བཅོལ་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་སློབ་གསོའི་བགྲོ་གླེང་ཚོགས་འདུ་དང“ཚན་རྩལ་བྱང་ཚད་མཐོར་གཏོང་འཆར་གཞི”ལག་བསྟར་བྱེད་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག “AIཁེར་རྐྱང་སློབ་སྦྱོང་མི་བྱེད་—ཚན་རྩལ་བྱང་ཚད་མཐོར་གཏོང་འཆར་གཞི”ལག་བསྟར་བྱས་པར་སྒོར་ཁྲི3800ལྷག་ཙམ་བཏང་ནས་རྒྱལ་ཡོངས་ཀྱི་གྲོང་གསེབ་སློབ་ཆུང1000ལ་ཚན་རྩལ་བྱང་ཚད་སློབ་ཁང་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། སློབ་ཆུང་དེ་དག་ཡུན་ནན་དང་། ཅང་ཤིས། ཀོང་ཤིས། ཀུའེ་ཀྲོའུ། ཧོ་ནན། བོད་ལྗོངས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལ་ཁྱབ་ཡོད་པ་རེད། དེའི་དམིགས་ཡུལ་ནི་གྲོང་གསེབ་ཀྱི་སློབ་ཆུང་སློབ་མའི་ཚན་རིག་དང་འདུ་འགོད་ལག་ལེན་དང་ཉམས་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རྩལ་གྱི་བྱང་ཚད་མཐོ་རུ་གཏོང་བར་རོགས་རམ་བྱེད་རྒྱུ་དེ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འཆར་གཞི་དེས་འདུ་འགོད་ཀྱི་བསམ་གཞི་ལྟེ་བར་བྱས་ཏེ་མིས་བཟོས་རིག་ནུས་དང་གྲངས་གཞི་ཆེ་མོ་སོགས་ཀྱི་གསར་གཏོད་ཚན་རྩལ་ལ་བརྟེན་ཁར། གྲོང་གསེབ་ཀྱི་གཞོན་ནུ་ལོ་ཆུང་གི་རང་གཤིས་ཅན་གྱི་དགོས་མཁོ་གཞིར་བཟུང་། མིས་བཟོས་རིག་ནུས་དང་། ཚེ་སྲོག་ཚན་རིག རིག་ནུས་བཟོ་སྐུན། མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་ཚན་རིག ཞིང་ལས་ཚན་རིག་སོགས་ཕྱོགས་ལྔའི་ཐད་ཀྱི་བརྗོད་དོན་བཀོད་སྒྲིག་འོས་འཚམ་བྱས་ནས་གྲོང་གསེབ་ཀྱི་གཞོན་ནུ་ལོ་ཆུང་ལ་སྤུས་ཚད་མཐོ་བའི་ཚན་རིག་ལག་ལེན་སློབ་ཚན་འཁྲིད་པ་དང་། གསར་གཏོད་འཇོན་ཐང་ཆེ་རུ་བཏང་ནས་སློབ་གསོའི་དབུལ་སྐྱོར་གནད་སྨིན་ཡོང་བར་བྱེད་རྒྱུ་རེད། ད་དུང་འཆར་གཞིའི་ནང་གྲོང་གསེབ་ཀྱི་དགེ་རྒན་ལ་འབྲེལ་ཡོད་ཀྱི་གསོ་སྦྱོང་བྱ་རྒྱུ་ཡིན་ཞིང་། དྲ་ཐོག་ནས་གྲགས་ཅན་དགེ་རྒན100གདན་དྲངས་ནས་གྲོང་གསེབ་དགེ་རྒན་ལ་དུས་ཐོག་ཏུ་སློབ་ཚན་འཁྲིད་རྒྱུ་རེད། དུས་གཅིག་ཏུ་གཉེར་བའི་གཞོན་ནུ་ལོ་ཆུང་གི་ཚན་རིག་གསར་གཏོད་སློབ་གསོའི་བགྲོ་གླེང་ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་ཚན་སློབ་ཁྱབ་ཁོངས་ནས་ཡིན་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་གཞོན་ནུ་ལོ་ཆུང་གི་ཚན་རིག་གསར་གཏོད་སློབ་གསོར་འཕྲད་པའི་ལས་འགན་དང་། འགྲན་སློང་དང་། ཚན་རིག་གསར་གཏོད་སློབ་གསོའི་ཞན་ཆ་ཇི་ལྟར་གསབ་པ་སོགས་ཀྱི་ནང་དོན་ཐད་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།