ཀྲུང་གོ་བོད་ཀྱི་དྲ་བ།

སི་ཁྲོན་ཁྲང་ཉིང་གི་ས་ཡོམ་ཁྲོད་མི་13རྐྱེན་ལམ་དུ་ཤོར་བ་དང་མི་199ལ་རྨས་སྐྱོན་ཕོག་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། ཚེས་18ཉིན་གྱི་ཆུ་ཚོད་16བར་སི་ཁྲོན་ཁྲང་ཉིང་ས་ཡོམ་ཁྲོད་མི་13རྐྱེན་ལམ་དུ་ཤོར་བ་དང་མི་199ལ་རྨས་སྐྱོན་ཕོག་ཡོད་པ་རེད། མེ་གསོད་རུ་མི་སོགས་ཀྱིས་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་མང་ཚོགས་20བསྐྱབ་པ་དང་དང་མང་ཚོགས་731ཉེན་ཁའི་གནས་ནས་ཕུད་ཡོད།

 1560925692639758.jpg

ཁྲང་ཉིང་རྫོང་ཧྲོང་ཧོ་གྲོང་རྡལ་གྱི་གནོད་སྐྱོན་ཐེབས་པའི་ཁང་བ།

ཚེས་18ཉིན་གྱི་ཆུ་ཚོད་16བར་ས་ཡོམ་ཁྲོད་མི་142832ལ་གནོད་འཚེ་ཕོག་པ་དང་། ཁང་པ་73རྡིབ་ལ། ཁང་པ་19ལ་གཏོར་སྐྱོན་ཚབས་ཆེན་ཕོག ཁང་པ་12723ལ་གཏོར་སྐྱོན་ཕོག་ཤིང་། མི་8447གནས་སྤོ་བཀོད་སྒྲིག་བྱས་ཡོད། ས་ཡོམ་བརྒྱབ་རྗེས་འཕྲལ་སྡོམ་དོ་དམ་པུའི་འབྲེལ་ཡོད་འགན་འཁུར་བས་པུའུ་བཀོད་འདོམས་ཚོམས་ཆེན་དུ་བཀོད་གཏོང་དང་ཡོམ་འགོག་གནོད་སེལ་ལས་དོན་བཀོད་སྒྲིག་བྱས་པ་དང་། གེགས་སེལ་ལས་དོན་ཚན་ཆུང་ས་ཡོམ་ཁུལ་དུ་མངགས་ནས་རོགས་སྐྱོབ་གནོད་སེལ་དང་གནོད་འཚེའི་གནས་ཚུལ་བརྟག་དཔྱད་ལ་མཛུབ་ཁྲིད་བྱས།

 1560925692366277.jpg

ཟླ་6ཚེས་18ཉིན་གྱི་ཐོ་རེངས་སུ་རོགས་སྐྱོབ་མི་སྣས་ཁྲང་ཉིང་རྫོང་ཧྲོང་ཧོ་གྲོང་རྡལ་དུ་མྱུར་སྐྱོབ་བྱེད་བཞིན་པ།

སི་ཁྲོན་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་རུ་ཁག་10དང་མེ་གསོད་རླངས་འཁོར་116དང་མི་116སྐོང་བསྡུ་བྱས་ནས་ཡོམ་ཁུལ་དུ་བསྐྱོད་པ་དང་། སི་ཁྲོན་ནགས་ཚལ་མེ་ཟོན་རུ་ཁག་གིས་རླངས་འཁོར་17དང་མི་154དང་སྒྲིག་ཆས་སྣ་ཚོགས་703ཁྱེར་ནས་ཡོམ་ཁུལ་དུ་བསྐྱོད། ཡོམ་ཁུལ་ཉེ་འགྲམ་གྱི་རྒྱལ་ཁབ་གཏེར་རིའི་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་12ཀྱིས་མི་172ཡོམ་ཁུལ་དུ་མངགས་ནས་མི་སྣ་དང་གནོད་སེལ་ལས་དོན་སྤེལ་བ་རེད། ཀྲུང་གོའི་ས་ཡོམ་ཅུས་ཀྱིས་མི་80ཡོམ་ཁུལ་དུ་མངགས་ནས་ལྟ་ཞིབ་དང་བརྟག་དཔྱད། གྱོང་གུན་དཔྱད་དཔོག་སོགས་ཀྱི་ལས་དོན་སྤེལ་ཡོད། འཕྲལ་སྡོམ་དོ་དམ་པུའུ་ཡིས་རང་བྱུང་ཐོན་ཁུངས་པུའུ་ལ་གཞོགས་འདེགས་ཀྱིས་ཡོམ་ཁུལ་མཐའ་འཁོར་གྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱས་ནས་ཞོར་ཐོན་གནོད་འཚེ་ཕོག་པར་གཏན་འགོག་བྱས་པ་རེད།

1560925692496670.jpg

ཟླ་6ཚེས་18ཉིན་ཁྲང་ཉིང་རྫོང་ཧྲོང་ཧོ་གྲོང་རྡལ་ཧྲོང་ཧོ་སློབ་འབྲིང་གི་བདེ་འགོད་ས་གནས།

ཀྲུང་དབྱང་གི་ཁྲེང་ཏུའུ་གནོད་སྐྱོབ་ཉར་གསོག་ཁང་ནས་གེགས་ཁུལ་དུ་གུར་5000དང་། ཉལ་ཁྲི་10000། ཉལ་ཐུལ་20000བཅས་སྐྱེལ་ཡོད་པ་རེད། ཚེས་18ཉིན་གྱི་ཆུ་ཚོད་12བར་གུར་དང་། ལྟེབ་ཁྲི་900། སྲིང་བལ་ཉལ་ཆས་3700བཅས་སྤྲད་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།