ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124628088_15606178590071n.jpg

1124628088_15606178807741n.jpg

ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་ལྔ་བ་ཐ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེ་ནས་ཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་ལག་རྡང་སྦྲེལ་ཏེ་ཨེ་ཤ་ཡའི་བདེ་འཇགས་དང་འཕེལ་རྒྱས་ཐད་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་ལྔ་བ་ཐ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེ་ནས་ཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་ལག་རྡང་སྦྲེལ་ཏེ་ཨེ་ཤ་ཡའི་བདེ་འཇགས་དང་འཕེལ་རྒྱས་ཐད་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། ཨེ་ཤ་ཡ་ནི་དེང་སྐབས་འཛམ་གླིང་ཡོངས་སུ་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྦས་ཤུགས་ཆེན་པོ་ཡོད་པའི་ས་ཁུལ་ནང་གི་གཅིག་ཡིན་ལ། དེ་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་མི་འདང་བ་དང་དཔལ་འབྱོར་འཕེལ་རྒྱས་དོ་མི་མཉམ་པ། བདེ་འཇགས་དང་བཅོས་སྐྱོང་གནད་དོན་འབུར་དུ་ཐོན་པ་སོགས་ཐུན་མོང་གི་འགྲན་རྩོད་དང་འཕྲད་ཡོད། ཉིས་སྟོང་བཅོ་ལྔ་ལོར་བདག་གིས་ཨེ་ཤ་ཡའི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པའི་གྲོས་འགོ་བཏོན། གནས་བབ་གསར་བའི་འོག་ཏུ་ང་ཚོས་གཏན་འཁེལ་བྱས་པའི་དམིགས་འབེན་རྒྱུན་འཁྱོངས་བྱེད་པ་དང་གོ་སྐབས་དམ་འཛིན་དང་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ཞིང་ལག་རྡང་སྦྲེལ་ཏེ་ཨེ་ཤ་ཡའི་བདེ་འཇགས་དང་འཕེལ་རྒྱས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། གཅིག ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་ཨེ་ཤ་ཡ་འཛུགས་སྐྲུན་བྱེད་པ་ནི་ང་ཚོའི་ཐུན་མོང་གི་རེ་སྒུག་ཡིན། གཉིས། བདེ་འཇགས་དང་བརྟན་འཇགས་ཀྱི་ཨེ་ཤ་ཡ་འཛུགས་སྐྲུན་བྱེད་པ་ནི་ང་ཚོའི་ཐུན་མོང་གི་དམིགས་འབེན་ཡིན། གསུམ། འཕེལ་རྒྱས་དང་དར་རྒྱས་ཆེ་བའི་ཨེ་ཤ་ཡ་འཛུགས་སྐྲུན་བྱེད་པ་ནི་ང་ཚོའི་ཐུན་མོང་གི་རེ་འདུན་ཡིན། བཞི། སྒོ་འབྱེད་དང་བཟོད་སྒོམ་གྱི་ཨེ་ཤ་ཡ་འཛུགས་སྐྲུན་བྱེད་པ་ནི་ང་ཚོའི་ཐུན་མོང་གི་རེ་སྙེག་ཡིན། ལྔ། མཉམ་ལས་གསར་སྐྲུན་གྱི་ཨེ་ཤ་ཡ་འཛུགས་སྐྲུན་བྱེད་པ་ནི་ང་ཚོའི་ཐུན་མོང་གི་དགོས་མཁོ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་རེ་སྙེག་བྱེད་པ་དང་། ཨེ་ཤ་ཡ་དང་འཛམ་གླིང་གི་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།

ཚོགས་འདུར་ཞུགས་པའི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཀྲུང་གོ་ནི་འགན་འཁུར་ཀྲུའུ་ཞི་རྒྱལ་ཁབ་ཡིན་པའི་ཆ་ནས་ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་སྤྱི་ཁོག་ནང་དུ་གྲོས་མོལ་དང་མཉམ་ལས་ཐད་ནས་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཆེ་ཞུས། ཕྱོགས་སོ་སོས་མུ་མཐུད་དུ་ཨེ་ཤ་ཡའི་དོན་དངོས་ལ་རྐང་བཙུགས་ཏེ་ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། ཡིད་ཆེས་བྱེད་ཐབས་དངོས་འབེབ་བཟང་བོ་བྱེད་པར་མ་ཟད། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བདེ་འཇགས་འཆར་འགོད་བྱེད་པ་དང་རིག་གནས་སྣ་མང་ཅན་ལ་བརྩི་འཇོག་བྱས་ནས། ཨེ་ཤ་ཡ་དེ་ཡུན་རིང་ཞི་བདེ་དང་དར་རྒྱས་ཆེ་བའི་འཆམ་མཐུན་ས་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་མཐའ་གཅིག་ཏུ་འཐད་པ་བྱུང་།

ཏིང་ཞེའུ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི་སོགས་གོང་གི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།