ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲེ་ཅང་གི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲེ་ཅང་ཧང་ཀྲིག་ཏུ་རྟོག་ཞིབ་མཛད།

ལིས་ཁི་ཆང་སྔ་གཞུག་ཏུ་ཧི་མུའུ་སྡེ་གསར་དང་སྨན་རྫས་ཚོང་ཁང་། མིན་ཞང་གྲོང་རྡལ། ཧང་ཀྲིག་གྲོང་ཁྱེར་གྱི་སྲིད་འཛིན་ཞབས་ཞུ་ལྟེ་གནས་བཅས་སུ་སོང་ནས། ལོ་ལོན་གྱི་བདག་སྐྱོང་དང་བྱིས་གཉོར་ཁང་དུ་སྐྱེལ་བའི་གནས་ཚུལ། གཞིས་ཁུལ་གྱི་ཁྱིམ་ཚང་རྒན་གསོ་ཞབས་ཞུ་ལས་གཞི། སྨན་རྫས་དང་ལྷག་པར་དུ་བྱིས་པའི་སྨན་དང་མྱུར་སྐྱོབ་སྨན་གྱི་རིན་གོང་དང་མཁོ་འདོན་གནས་ཚུལ། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་གནས་ཚུལ། དམངས་བདེ་ཞབས་ཞུ་འདོན་སྤྲོད་གནས་ཚུལ་སོགས་ཐད་ནས་རྒྱུས་ལོན་གསལ་བོ་བྱས།

ལིས་ཁི་ཆང་གིས་ཀྲེ་ཅང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་གསར་གཏོད། དམངས་ཚིས་ལེགས་སྒྱུར་སོགས་ཕྱོགས་ནས་མདུན་གྲས་སུ་བསྐྱོད་དེ། རྒྱལ་ཡོངས་འཕེལ་རྒྱས་སུ་གཏོང་བའི་ཐད་འདེགས་སྐྱོར་གྱི་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་རྒྱུའི་རེ་བ་བཏོན།

ཞའོ་ཅེ་ཡིས་མཉམ་དུ་རྟོག་ཞིབ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།