ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་དང་གྲོང་གསེབ་པུའུ་ཡིས་གྲོང་གསེབ་བཅོས་སྐྱོང་གི་དཔེ་མཚོན་གནད་དོན་ཁག་དང་པོ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཞིང་ལས་དང་གྲོང་གསེབ་པུས་པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་ཀྱི“གྲོང་སྲོལ་དམངས་ཆིངས་ལ་བརྟེན་ནས་མཐུན་སྦྱོར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ”དང་། ཐེན་ཅིན་གྲོང་ཁྱེར་པའོ་ཏི་ཆུས་ཀྱི“གཞི་རིམ་གྱི་དམངས་གཙོའི་གྲོས་མོལ་ལམ་ལུགས་ཟབ་ཏུ་གཏོང་བ” ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཕེ་ཤང་ཆུས་ཀྱི“མནའ་མ་བསུ་སྐྱེལ་དང་གཤིན་པོ་དུར་སྐྱེལ་ལས་དོན་ཚད་ལྡན་དོ་དམ”སོགས་གྲོང་གསེབ་བཅོས་སྐྱོང་གི་དཔེ་མཚོན་གནད་དོན20ཡོངས་བསྒྲགས་བྱས་ནས་ས་གནས་ཁག་ལ་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།

ཞིས་ལས་དང་གྲོང་གསེབ་པུས་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཞིང་ལས་དང་གྲོང་གསེབ་པུའི་གྲོང་གསེབ་ཀྱི་མཉམ་ལས་དཔལ་འབྱོར་མཛུབ་ཁྲིད་སིའི་སི་ཀྲང་ཀྲང་ཐན་ཙུའོ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གྲོང་གསེབ་ཀྱི་གཞི་རིམ་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རང་སྐྱོང་དང་། ཁྲིམས་སྐྱོང་། ཀུན་སྤྱོད་ལ་བརྟེན་ནས་བཅོས་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་པ་རེད། 2019ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་གྲོང་གསེབ་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཉེ་བའི་ལོ་ཤས་རིང་ས་གནས་ཁག་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པར་བརྟེན། བྱེད་ཐབས་བཟང་པོ་དང་ཉམས་མྱོང་ཡག་པོ་ཁག་གཅིག་ཐོན་ཡོད་པ་རེད་ཅེས་གསུངས།

གྲོང་གསེབ་བཅོས་སྐྱོང་ལས་དོན་དེ་ཞིང་པའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ་གྲོང་གསེབ་ཀྱི་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་ཡང་འབྲེལ་བ་ཡོད་པས། དེ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད། ཀྲང་ཐན་ཙུའོ་ཡིས་མིག་སྔར་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁེ་ཕན་གནས་སྟངས་ལེགས་སྒྲིག་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། གྲོང་གསེབ་སྤྱི་ཚོགས་ཀྱི་གྲུབ་ཆར་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད་ལ་ཞིང་པའི་བསམ་བློའི་འདུ་ཤེས་ལ་ཡང་འགྱུར་ལྡོག་གཏིང་ཟབ་ཕྱིན་ཡོད། རང་རྒྱལ་གྱི་གྲོང་གསེབ་བཅོས་སྐྱོང་མ་ལག་སྤྱིའི་ཆ་ནས་ད་དུང་ཉམས་ཞན་དང་བཅོས་སྐྱོང་གི་ཐབས་ལམ་ད་དུང་དུས་བབ་འཕེལ་རྒྱས་དང་འགྱུར་ལྡོག་གི་དགོས་མཁོ་དང་འཚམ་ཐུབ་ཀྱི་མེད། ལྷག་པར་དུ་ས་གནས་ཁག་གཅིག་གི་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་དང་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་དོ་དམ་གྱི་ནུས་པ་ཞན་པ། སྤྱོད་ཚུལ་ངན་པ་ཁག་གཅིག་ད་དུང་གནས་ཡོད་པས་གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དགོས་པ་ཧ་ཅང་ཆེན་པོ་ཡོད་ཅེས་གསུངས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།