ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཚན་རྩལ་ཁྱབ་ཁོངས་ཀྱི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་དོན་གཅོད་དབང་ཆ་དང་འགྲོ་སོང་འགན་འཁྲི་དབྱེ་འབྱེད་ཀྱི་སྒྱུར་བཅོས་ཇུས་གཞི》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཚན་རྩལ་ཁྱབ་ཁོངས་ཀྱི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་དོན་གཅོད་དབང་ཆ་དང་འགྲོ་སོང་འགན་འཁྲི་དབྱེ་འབྱེད་ཀྱི་སྒྱུར་བཅོས་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

《ཇུས་གཞིའི》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་འདུ་ཤེས་གསར་པ་མཐའ་འཁྱོངས། སྤུས་ཚད་མཐོན་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དེ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས། ཚན་རིག་དང་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་ཡོང་བ་བྱེད་པའི་འཐབ་ཇུས་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། ཚན་རྩལ་ལས་དོན་གྱི་ཆོས་ཉིད་དང་ཁྱད་ཆོས་ཁོང་དུ་ཆུད་པ། རང་རྒྱལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཆ་ཚང་ཚད་ལྡན་དང་། ལས་བགོས་ལུགས་མཐུན། ནུས་ཆེ་གཞོགས་འདེགས་བཅས་ཀྱི་ཚན་རྩལ་ཁྱབ་ཁོངས་ཀྱི་ནོར་སྲིད་དོན་གཅོད་དབང་ཆ་དང་འགྲོ་སོང་འགན་འཁྲི་དབྱེ་འབྱེད་བྱེད་སྟངས་གང་མྱུར་ཆགས་རྒྱུར་དམ་འཛིན་བཅས་བྱས་ནས་འགན་དབང་གསལ་པོ་དང་། ནོར་ཤུཌ་མཐུན་སྦྱོར། ས་ཁོངས་དོ་སྙོམས་བཅས་ཀྱི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འབྲེལ་བ་མགྱོགས་པོ་འཛུཌ་དགོས།

《ཇུས་གཞིའི》ནང་བསྟན་དོན། སྲིད་གཞུང་གི་ཚན་རྩལ་མ་འཇོག་བྱེད་ཚད་དང་བྱེད་ཐབས་ཚན་རིག་དང་ལུགས་མཐུན་ངང་གཏན་འཁེལ་བྱེད་པ་དང་། སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱས་ཏེ་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཁྲོམ་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་དང་། སྣ་མང་ཅན་དང་། རིམ་པ་མང་བ། ཐབས་ལམ་མང་བ་བཅས་ཀྱི་ཚན་རྩལ་མ་འཇོག་གི་མ་ལག་མགྱོགས་མྱུར་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

《ཇུས་གཞིའི》ནང་ཁ་གསལ་བཏོན་དོན། ཚན་རྩལ་ཞིབ་སྤེལ་དང་། ཚན་རྩལ་གསར་གཏོད་རྟེན་གཞི་འཛུགས་སྐྲུན་དང་འཕེལ་རྒྱས། ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར། ས་ཁོངས་གསར་གཏོད་མ་ལག་འཛུགས་སྐྱོང་། ཚན་རིག་ལག་རྩལ་ཁྱབ་གདལ། ཚན་ཞིབ་སྒྲིག་གཞི་སྒྱུར་བཅོས་དང། འཕེལ་རྒྱས། འཛུགས་སྐྱོང་སོགས་ཀྱི་ཐད་ནས་ཚན་རྩལ་ཁྱབ་ཁོངས་ཀྱི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་དོན་གཅོད་དབང་ཆ་དང་འགྲོ་སོང་གི་འགན་འཁྲི་དབྱེ་དགོས།

《ཇུས་གཞིའི》ནང་ནན་བཤད་བྱས་དོན། ཚན་རྩལ་ཁྱབ་ཁོངས་ཀྱི་ནོར་སྲིད་དོན་གཅོད་དབང་ཆ་དང་འགྲོ་སོང་གི་འགན་འཁྲི་དབྱེ་བ་ནི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་དོན་གཅོད་དབང་ཆ་དང་འགྲོ་སོང་གི་འགན་འཁྲི་དབྱེ་བའི་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་དེང་རབས་ནོར་སྲིད་ལམ་ལུགས་གང་མགྱོགས་བཟོ་བའི་ནང་དོན་གལ་ཆེན་ཞིག་ཡིན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ནོར་སྲིད་ཀྱིས་ཚན་རྩལ་ལ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྒྱུར་བཅོས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་འགན་ལེན་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།