ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཀྲུང་གོ་ཞི་བདེ་སྐུལ་འདེད་ཚོགས་པའི་ཞང་ཀང་སྤྱི་ཁྱབ་ཚོགས་པའི་ལྟ་སྐོར་འཚམས་འདྲི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190530094027Hejw.jpg

ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་གོ་ཞི་བདེ་གཅིག་གྱུར་སྐུལ་འདེད་ཚོགས་པའི་ཚོགས་གཙོ་ཝང་དབྱང་གིས་པེ་ཅིན་ནས་ཡོ་ཀྲི་ཧྲིན་ཚོགས་གཙོ་ཡིན་པའི་ཀྲུང་གོ་ཞི་བདེ་སྐུལ་འདེད་ཚོགས་པའི་ཞང་ཀང་སྤྱི་ཁྱབ་ཚོགས་པའི་ལྟ་སྐོར་འཚམས་འདྲི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་གོ་ཞི་བདེ་གཅིག་གྱུར་སྐུལ་འདེད་ཚོགས་པའི་ཚོགས་གཙོ་ཝང་དབྱང་གིས་ཚེས་ཉེར་དགུའི་ཉིན་པེ་ཅིན་ནས་ཡོ་ཀྲི་ཧྲིན་ཚོགས་གཙོ་ཡིན་པའི་ཀྲུང་གོ་ཞི་བདེ་སྐུལ་འདེད་ཚོགས་པའི་ཞང་ཀང་སྤྱི་ཁྱབ་ཚོགས་པའི་ལྟ་སྐོར་འཚམས་འདྲི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་། ཝང་དབྱང་གིས་ཀྲུང་གོ་ཞི་བདེ་སྐུལ་འདེད་ཚོགས་པའི་ཞང་ཀང་སྤྱི་ཁྱབ་ཚོགས་པས་མཚོ་འགག་འགྲམ་གཉིས་ཀྱི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཞང་ཀང་གི་དར་རྒྱས་གོང་འཕེལ་དང་གཏན་འཇགས་སྲུང་སྐྱོང་གང་ལེགས་བྱས་ཏེ་ཧུར་བརྩོན་རང་བཞིན་གྱི་བྱས་རྗེས་བཞག་པར་ཁས་ལེན་གནང་། ཁོང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེ་ཝན་སྤུན་ཟླར་སྤྲིངས་བའི་ཡི་གེ་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་རྗེས་དྲན་བྱེད་པའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལོན་པར་བྱས་ཏེ། མེས་རྒྱལ་ངེས་པར་དུ་གཅིག་གྱུར་ཡོང་བར་བྱེད་པ་དང་ཅིས་ཀྱང་གཅིག་གྱུར་ཡོང་དགོས་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལ་ངེས་ཤེས་གཏིང་ཟབ་ལོན་པར་བྱེད་པ། ཞང་ཀང་གིས་རང་བཙན་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བའི་ཁྲོད་ཀྱི་ཁྱབ་འཕགས་ནུས་པ་བཀོལ་སྤྱོད་གང་ལེགས་བྱེད་པ། ཞང་ཀང་དང་ཐེ་ཝན་བརྗེ་རེས་མཉམ་ལས་ལ་མུ་མཐུད་དུ་ཡར་སྐུལ་གཏོང་བ། གཞི་རིམ་ན་གཞོན་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས་སྤུན་ཟླའི་སེམས་མཐུན་འབྲེལ་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡིན་པའི་ཞང་ཀང་གི་གཏམ་རྒྱུད་བཟང་བོར་བརྗོད་པ་དང་། སྔར་ལས་མང་པོའི་ཐེ་ཝན་གྱི་སྤུན་ཟླས་དངོས་སུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པའི་དགེ་མཚན་རང་བཞིན་མྱོང་ཚོར་བྱེད་ཐུབ་པར་བྱས་ཏེ། ཞི་བདེ་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡིན་པའི་བྱེད་ཕྱོགས་དང་ལག་ལེན་ལ་ངེས་ཤེས་དང་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཟེར།

དབྱིག་ཆོན་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།