ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ནི་ཀྲེར་གྱི་ཙུང་ཐུང་དབྱི་སུའུ་ཧྤུ་དང་གྲོས་མོལ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས28ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནི་ཀྲེར་གྱི་ཙུང་ཐུང་དབྱི་སུའུ་ཧྤུ་དང་གྲོས་མོལ་གནང་།

1.jpg

     ཟླ5བའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནི་ཀྲེར་གྱི་ཙུང་ཐུང་དབྱི་སུའུ་ཧྤུ་དང་གྲོས་མོལ་གནང་བ་དང་། འདི་ནི་ཞི་ཅིན་ཕིང་དང་ཁོང་གི་ཆུང་མ་ཕེང་ལི་ཡོན་གཉིས་ཀྱིས་དབྱི་སུའུ་ཧྤུ་དང་ལྷན་དུ་དྲན་རྟེན་གྱི་མཉམ་པར་ལེན་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས28ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནི་ཀྲེར་གྱི་ཙུང་ཐུང་དབྱི་སུའུ་ཧྤུ་དང་གྲོས་མོལ་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ནི་ཀྲེར་ནི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་ཡིན་ལ། མིག་སྔར་ཀྲུང་གོ་དང་ནི་ཀྲེར་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་རང་རང་གི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་རེད། ཀྲུང་གོ་ཡི་ནི་ཀྲེར་རྒྱབ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད། 

2.jpg

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ནི་ཀྲེར་རྒྱབ་ཁབ་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་ལ་ཕན་ཚུན་རྟོགས་པ་དང་ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ནས་རྒྱལ་སྐྱོང་སྲིད་འཛིན་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་ཧུར་ཐག་བྱས་ཡོད།  ཀྲུང་གོ་དང་ནི་ཀྲེར་རྒྱབ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་ནང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་དང་། དམངས་འཚོ། ནུས་རྒྱུ། ཞིང་ལས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་དགོས། ཀྲུང་གོའི་མུ་མཐུད་དུ་ནི་ཀྲེར་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་འབད་བརྩོན་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་ཧོ་ལེ་རྒྱལ་ཁབ་ལྔའི་ཚོགས་པའི་མཉམ་འབྲེལ་དཔུང་སྡེ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།  རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ནི་ཀྲེར་ཕྱོགས་ལ་སྨན་བཅོས་སོགས་དམངས་འཚོའི་རོགས་རམ་བྱས་ཏེ་ནི་ཀྲེར་ཕྱོགས་དང་རིག་གནས་དང་། གཞོན་ནུ། བུད་མེད། རིག་མཛོད་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་བར་ཕན་ཚུན་རྒྱུས་ལོན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།