ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧྲན་ཏུང་གི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124541981_15587932021491n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲན་ཏུང་ཝེ་ཧྥང་དང་ཅི་ནན་གྱི་བྱ་བར་རྟོག་ཞིབ་མཛད།

ཝེ་ཁྲེ་སྡེ་ཚོགས་སུ། ལིས་ཁི་ཆང་གིས་ཁེ་ལས་ཀྱི་ཁྲལ་འཕྲི་གྲངས་ཚད་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁེ་ལས་ཀྱིས་ཁྲལ་འཕྲི་ཡོན་གཅོག་སྲིད་ཇུས་སྣ་ཚོགས་ཁྲོད་ནས་ཁེ་ཕན་མངོན་གསལ་ཐོབ་པ་དང་། མ་དངུལ་སྔར་ལས་མང་པོ་ཐོན་སྐྱེད་དང་ཞིབ་འཇུག་གསར་སྤེལ། ལས་བཟོ་བ་སྐྱེད་སྲིང་བྱེད་པའི་ཐད་བཀོལ་སྤྱོད་བྱེད་ཆོག་ཅེས་ངོ་སྤྲོད་བྱས། 

ལིས་ཁི་ཆང་གིས་གསུང་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགན་འཁྲི་བརྟན་པོ་འོག ཀྲུང་གོའི་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། མིག་སྔར་རྙོག་འཛིང་གི་གནས་བབ་དང་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་ལ་ཁ་གཏད་འཇལ་བའི་གནད་འགག་གི་བྱེད་ཐབས་ནི་ཁྲལ་འཕྲི་ཡོན་གཅོག་བྱེད་རྒྱུ་དེ་ཡིན་ལ། ཡུན་རིང་ནས་བལྟས་ན་ཡང་འཕེལ་རྒྱས་ཀྱི་རྗེས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་ཁྲལ་ཁུངས་སྐྱེད་སྲིང་བྱེད་ཐུབ་པས། ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར། ཁོང་གིས་ཁེ་ལས་ཀྱི་གསར་གཏོད་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན་པ་དང་། ཀྲུང་ཕྱིའི་ཞིབ་འཇུག་གསར་སྤེལ་མི་སྣ་དང་བརྗེ་རེས་མཛད་པ་མ་ཟད་བརྙན་རིས་བརྒྱུད་དེ་ཁེ་ལས་ཀྱི་ཕྱི་རྒྱལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་འབྲེལ་གཏུག་བྱས་ནས། ཁེ་ལས་ཀྱིས་ལག་ཤེས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་གསར་གཏོད་མཉམ་ལས་སྤེལ་བ། འཛམ་གླིང་ལ་ཁ་གཏད་པ་དང་འགྲན་རྩོད་ནུས་པ་ཆེན་པོ་ལྡན་པའི་སྤུས་ཚད་དང་ཚོང་རྟགས་མིང་གྲགས་ཅན་གསར་སྐྲུན་བྱས་ཏེ། ཝེ་ཁྲེ་སྒུལ་ཤུགས་དང་ཀྲུང་གོའི་དྲག་ཆས་ཀྱི་སྒུལ་ཤུགས་སྔར་ལས་ཆེར་སྐྱེད་རྒྱུའི་སྐུལ་མ་བཏང་།

1124541981_15587932021801n.jpg

ཀི་ཨེར་ཀུང་ཟི་རུ། ལིས་ཁི་ཆང་གིས་ཁེ་ལས་ཀྱི་ཐོན་རྫས་གསར་བའི་ནུས་པ་དང་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ཞིབ་བསྡུར་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་གསར་གཏོད་དང་ཚོང་ར་རྒྱ་སྐྱེད་པར་དོ་སྣང་བྱས་པར་བསྔགས་བརྗོད་བྱས། ཁོང་གིས་ཀྲུང་གོའི་ཚོང་རའི་སྦས་ཤུགས་ཧ་ཅང་ཆེ་བས། ཚན་རྩལ་གསར་གཏོད་དང་རང་ཉིད་ཀྱི་འབད་འཐབ། མཉམ་ལས་རྒྱ་ཆེན་པོར་བརྟེན་ནས་བརྟན་བརླིང་ངང་འཕེལ་རྒྱས་སུ་བཏང་ན། ད་གཟོད་འཛད་སྤྱོད་པ་མང་པོ་འགུག་ཐུབ། སྲིད་གཞུང་གིས་ཀྱང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་བྱེད་པ་དང་གསར་གཏོད་ནུས་པ་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཆི་ལུའུ་དངུལ་ཁང་དུ། ལིས་ཁི་ཆང་གིས་ཁེ་ལས་ཕྲན་ཆུང་གི་མ་དངུལ་མཉམ་བསྲེས་བྱེད་དཀའ་བའི་གནད་དོན་ཐག་གཅོད་པའི་གནས་ཚུལ་ཐད་ནས་རྟོག་ཞིབ་མཛད། ཁོང་གིས་བྱ་བ་བསྒྲུབ་པར་ཡོང་བའི་ཁེ་ལས་ཀྱི་བྱ་བའི་མི་སྣ་དང་གླེང་མོལ་མཛད་པ་དང་། དངུལ་བུན་གྱི་མ་རྩ་མཐོ་མིན་དང་དཔལ་འབྱོར་གྱི་གནོན་ཤུགས་ཆེ་མིན་སོགས་ཐད་ནས་རྒྱུས་ལོན་གསལ་བོ་བྱས།

ལིས་ཁི་ཆང་གིས་ཧྲན་ཏུང་གིས་སྒུལ་ནུས་གསར་རྙིང་བརྗེ་སྤོར་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ཧྲན་ཏུང་གི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། གནོན་ཤུགས་ཐེག་ཐུབ་པ་དང་འབད་འཐབ་སྔོན་སྐྱོད་བྱས་ནས། ཀྲུང་གོའི་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པར་འདེགས་སྐྱོར་བྱེད་པ་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཟེར།

ཞོ་ཅེ་ཡིས་མཉམ་དུ་རྟོག་ཞིབ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།