ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས2018ལོར་ཞིང་ཆེན་ཚང་མར་དབུལ་པོ་ཉུང་གཏོང་གི་ལས་འགན་ལེགས་གྲུབ་བྱུང་བ་དང2019ལོར་མུ་མཐུད་དཔྱད་ཞིབ་དང་དཔྱད་དཔོག་ནན་ཤོས་བྱ་རྒྱུ་ཡིན་ཞེས་བརྗོད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཞ་ཀེང་ཧྲེང་གིས་2018ལོའི་ལོ་འཁོར་གྱི་དབུལ་པོ་ཉུང་གཏོང་གི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་2019ལོར་དམིགས་ཚད་དང་ཚད་གཞི་མུ་མཐུད་མཐའ་འཁྱོངས་བྱས་ཏེ་ཆེས་ནན་ཤོས་ཀྱི་དཔྱད་ཞིབ་དང་དཔྱད་དཔོག་མཐའ་འཁྱོལ་བ་ཞིག་བྱ་རྒྱུ་ཡིན་ཞེས་གསུངས།

ཁོང་གིས་ཉིན་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གོང་གསལ་གྱི་གནས་ཚུལ་དེ་དག་ཞིབ་པར་གླེང་བ་རེད།

2019ལོའི་ཟླ་དང་པོ་ནས་གཉིས་པ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་2018ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་དཔྱད་ཞིབ་བྱས་པ་དང་། ཞིང་ཆེན་ཚང་མར་ལོ་འཁོར་གྱི་དབུལ་པོ་ཉུང་གཏོང་གི་ལས་འགན་ལེགས་གྲུབ་བྱུང་བ་དང་། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་པོ་ཉུང་དུ་གཏོང་ཚད་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ། “སེམས་ཁྲལ་མེད་པ་གཉིས”སྤྱིའི་ཆ་ནས་མངོན་འགྱུར་བྱུང་བ། རྒྱལ་ཡོངས་ཀྱི་རྫོང་283དབུལ་ཞྭ་ཕུད་པ། རྒྱལ་ཡོངས་སུ་ཁྱོན་བསྡོམས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1386དབུལ་སྒྲོལ་ཐུབ་པ། ལོ་6བསྟུད་མར་ལོ་རེར་དབུལ་པོ་ཁྲི་1000ཡན་དབུལ་སྒྲོལ་ཐུབ་ཡོད།

ཞ་ཀེང་ཧྲེང་གིས་དཔྱད་ཞིབ་དང་དཔྱད་དཔོག་བྱེད་པ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བྱེད་ཐབས་གལ་ཆེན་ཞིག་རེད། དེས་ཕྱོགས་སྟོན་དབྱུག་པ་དང་། སྤུས་ཚད་ཞིབ་བཤེར་ཡོ་བྱད། སྐུལ་འདེད་གཏོང་ཆས། དྲོད་ཚད་འཇལ་ཆས་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། དཔྱད་ཞིབ་བྱེད་པའི་ཁྲོད“ཟུང་འབྲེལ་གསུམ”ལ་གཞིགས་ནས་ཕྱོགས་བསྡུས་གདེང་འཇོག་བྱས་པ་སྟེ། ལོ་མཇུག་གི་དཔྱད་ཞིབ་དང་ནམ་རྒྱུན་གྱི་གནས་ཚུལ་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་། ཕྱོགས་གསུམ་པའི་དཔྱད་དཔོག་དང་སྡེ་ཚན་གྱི་གྲངས་གཞི་ཕན་ཚུན་ཟུང་འབྲེལ་བྱེད་པ། གྲངས་ཚད་གཏན་འཁེལ་གྱི་གདེང་འཇོག་དང་ངོ་བོ་གཏན་འཁེལ་གྱི་དབྱེ་ཞིབ་ཕན་ཚུན་ཟུང་འབྲེལ་བྱེད་པ་བཅས་ཀྱི་ཐོག་ནས་དཔའ་བོར་སྨྲ་བ་བཀག་འགོག་བྱེད་དགོས་ལ་རྒྱུགས་ལེན་ཐེངས་གཅིག་གིས་ཚེ་གང་གཏན་འཁེལ་བྱེད་པའི་གནས་ཚུལ་སྔོན་འགོག་ཀྱང་བྱེད་དགོས་ཞེས་གསུངས།

དཔྱད་ཞིབ་གྲུབ་འབྲས་ལས་མངོན་པར་གཞིགས་ན། ཧོ་པེ་དང་། ཧུའུ་པེ། ཧུའུ་ནན། ཀོང་ཤིས། ཧའེ་ནན། སི་ཁྲོན། ཀུའེ་ཀྲོའུ། བོད་ལྗོངས། ཉིང་ཞ། ཤིན་ཅང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་10ནི་ཕྱོགས་བསྡུས་གདེང་འཇོག་ཡག་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། ཞིང་ཆེན་དང་རང་སྐྱོང་ལྗོངས10ལ2019ལོར་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་བགོ་བཤའི་ཁྲོད་ནས་བྱ་དགའ་སྒོར་དུང་ཕྱུར་4རེ་སྤྲད་པ་དེ་དག་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱོད་རྒྱུ་རེད།

ད་ལོའི་ཟླ་3པར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས“ཏང་ཀྲུང་དབྱང་གིས་2019ལོ་ནི‘གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོར’གཏན་འཁེལ་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་རེའུ་མིག་འགོད་པ་དང་གོང་ཞུ་བྱེད་པའི་གྲངས་འབོར་ཚད་ལྡན་དུ་གཏོང་བ་དང་། དཔྱད་ཞིབ་དང་དཔྱད་དཔོག་ཚད་ལྡན་དུ་གཏོང་བ། ལྟ་ཞིབ་དང་སྐོར་ཞིབ་ཚད་ལྡན་དུ་གཏོང་བ། ཡིག་ཆ་དང་ཚོགས་འདུ་ཁུ་བསྡུ་རུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་ལེགས་སུ་གཏོང་བ། ལྐོག་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཕྱོགས་ལྔ་ཡི་བྱེད་ཐབས་སྤྱད་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་རེད”ཅེས་ཞ་ཀེང་ཧྲེང་གིས་གསུངས།

དཔྱད་ཞིབ་དང་དཔྱད་དཔོག་བྱེད་པའི་ཐད་ཞ་ཀེང་ཧྲེང་གིས། “ཕྱོགས་གསུམ་གཅིག་སྒྲིལ”ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་སྟེ། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གྲུབ་འབྲས་དཔྱད་ཞིབ་དང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་སྒྲུབ་དཔྱད་ཞིབ། ཀྲུང་དབྱང་ཚན་པའི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་གྱི་དཔྱད་ཞིབ་སོགས་དཔྱད་ཞིབ་ཁག་གསུམ“དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དཔྱད་ཞིབ”ལ་གཅིག་སྒྲིལ་བྱས་ཏེ། དཔྱད་ཞིབ་ཀྱི་ཐེངས་གྲངས་ཉུང་དུ་དང་དཔྱད་ཞིབ་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག་སྙན་ཞུ་འབུལ་ཉུང་དུ་གཏོང་བ་དང་། རྫོང་ལ་འཐེན་བཤེར་བྱེད་པའི་གྲངས་འབོར་ཉུང་ཏུ་གཏོང་བ། དཔྱད་ཞིབ་དང་དཔྱད་དཔོག་མི་སྣའི་གཞི་ཁྱོན་ཆུང་དུ་གཏོང་བ། རེའུ་མིག་འགོད་པ་དང་གོང་ཞུ་བྱེད་པའི་གྲངས་འབོར་ཉུང་དུ་གཏོང་བ་བཅས་བྱས་ནས་དཔྱད་ཞིབ་དཔྱད་དཔོག་གི་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད་ཅེས་གསུངས།

ཞ་ཀེང་ཧྲེང་གིས་ལོ་འདི་དག་རིང་གི་དཔྱད་ཞིབ་དང་དཔྱད་དཔོག་གི་ལས་དོན་ཐད་གཟབ་ནན་གྱིས་ནན་ཏན་ལ་སྐུལ་འདེད་གཏོང་བ་དང་མཁྲེགས་སར་གཏུགས་ནས་ཉམས་སད་ཐེག་ཐུབ་པ་བྱས་པ་བརྒྱུད། དབུལ་སྒྲོལ་འགག་སྒྲོལ་གྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། 2019ལོར་རྒྱལ་ཡོངས་ཀྱིས་སླར་ཡང་མི་འབོར་དབུལ་པོ་ཁྲི་1000ཡན་ཉུང་དུ་གཏོང་བ་དང་རྫོང་དབུལ་པོ་330ཙམ་གྱི་དབུལ་ཞྭ་ཕུད་དེ་དྲང་ཕྱོགས་ཀྱི་ཡར་སྐུལ་དང་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡིད་ཆེས་བརྟན་གཏོང་དང་དམག་རྒྱག་གང་ཐུབ་བྱས་ནས་2020ལོར་སླེབས་སྐབས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་འགན་ལེན་བྱ་རྩིས་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།