ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ལས་རིགས་རྩལ་ནུས་མཐོར་འདེགས་གཏོང་བའི2019ལོ་ནས2021ལོའི་འགུལ་སྐྱོད་ཇུས་གཞི་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ་ལས་རིགས་རྩལ་ནུས་མཐོར་འདེགས་གཏོང་བའི2019ལོ་ནས2021ལོའི་འགུལ་སྐྱོད་ཇུས་གཞི་འགྲེམ་སྤེལ་བྱས། 

ཇུས་གཞིའི་ནང་བསྟན་དོན། ལས་རིགས་རྩལ་ནུས་གསོ་སྦྱོང་དེ་ལས་ཞུགས་གཏན་འཇགས་རྒྱུན་འཁྱོངས་བྱེད་པ་དང་གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་ཟླ་ཐག་གཅོད་པའི་གནད་འགག་བྱེད་ཐབས་སུ་བརྩི་བ་དང་། དཔལ་འབྱོར་ཚུལ་བསྒྱུར་རིམ་སྤོར་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བའི་འདེགས་སྐྱོར་གལ་ཆེན་དུ་བརྩིས་ནས། 2019ལོ་ནས2021ལོ་བར། ལས་རིགས་རྩལ་ནུས་མཐོར་འདེགས་བྱེད་པའི་འགུལ་སྐྱོད་རྒྱུན་མཐུན་ངང་སྤེལ་བ་དང་། གསོ་སྦྱོང་གི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་མཐོར་འདེགས་བྱས་ཏེ། ངལ་རྩོལ་པའི་ལས་རིགས་རྩལ་ནུས་ཆུ་ཚད་དང་ལས་ཞུགས་ལས་སྐྲུན་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ། ལོ་གསུམ་ནང་བསྡོམས་པས་རིགས་མི་འདྲ་བའི་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་སྤེལ་ནས་མི་བྱེ་བ་ལྔ་ལྷག་ལ་གསོ་སྦྱོང་བྱེད་པ་དང་། 2021ལོའི་ལོ་མཇུག་བར་དུ། རྩལ་ནུས་ངལ་རྩོལ་པས་ལས་ཞུགས་མི་སྣའི་སྤྱིའི་གྲངས་ཚད་ཀྱི་ཟིན་ཚད་བསྡུར་ཚད་བརྒྱ་ཆའི་ཉེར་ལྔའི་ཡན་དུ་བསླེབ་པར་བྱེད་པ་དང་། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣས་རྩལ་ནུས་ངལ་རྩོལ་པའི་ཟིན་ཚད་བརྒྱ་ཆའི་སུམ་ཅུ་ཡན་དུ་བསླེབ་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།