ཞི་ཅིན་ཕིང་གིས་བློ་མཐུན་ཀྲང་ཧྥུའུ་ཆིན་གྱི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བློ་མཐུན་ཀྲང་ཧྥུའུ་ཆིན་གྱི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། དཔའ་བོ་རྒན་པ་ཀྲང་ཧྥུའུ་ཆིན་གྱིས་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་ཐོག་མའི་སེམས་འདུན་བརྟན་སྲུང་བྱས་པ་དང་རང་བཞིན་མི་འགྱུར་བར་བླ་མེད་བྱས་རྗེས་བཞག་པ་དེས་མི་སེམས་སྒུལ་བར་བྱས། དམག་དཔུང་དུ་ཁོས་ཁྱིམ་སྲུང་རྒྱལ་སྐྱོབ་བྱས་པ་དང་ས་གནས་སུ་ཁོས་དམངས་ཡོངས་ལ་བདེ་སྐྱིད་བསྐྲུན། ཁོ་ནི་རྒྱ་ཆེའི་དམག་དཔུང་གི་དཔོན་དམག་དང་དམག་ཁུངས་ནས་ཕྱིར་ལོག་པའི་དམག་མིས་སློབ་སྦྱོང་བྱེད་པའི་མིག་དཔེ་བྱེད་ས་ཡིན་པས། ཧུར་ཐག་སྒོས་བྱས་རྗེས་སྙིང་སྟོབས་དར་སྤེལ་བྱས་ཏེ་མི་བརྒྱ་སེམས་གཅིག་སྒོས་དུས་རབས་གསར་བར་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་ཟེར།

ད་ལོ་དགུང་ལོ་གོ་ལྔ་ཡིན་པའི་ཏང་ཡོན་རྒན་པ་ཀྲང་ཧྥུའུ་ཆིན་ནི་སྔོན་ཆད་ནུབ་བྱང་བྱེས་འཐབ་དམག་དཔུང་གི་སྟོང་ཤོག་སུམ་བརྒྱ་ང་དགུ་བའི་མདའ་ཤོག་བདུན་བརྒྱ་བཅོ་བརྒྱད་པའི་བརྒྱ་ཤོག་གཉིས་པའི་ལྡིང་ཤོག་དྲུག་པའི་འཐབ་མོ་བ་ཡིན། ཁོ་རང་བཅིངས་འགྲོལ་འཐབ་འཛིང་གི་མཚོན་ནགས་མདེལ་ཆར་ཁྲོད་དུ་ཤི་ཉེན་ལས་ཐར་བར་བྱས་ཏེ་སྔ་གཞུག་ཏུ་བྱས་རྗེས་རིམ་པ་དང་པོ་གསུམ་དང་བྱས་རྗེས་རིམ་པ་གཉིས་པ་གཅིག་བཞག་པར་མ་ཟད་ནུབ་བྱང་བྱེས་འཐབ་དམག་དཔུང་གིས་དམིགས་བསལ་བྱས་རྗེས་ཀྱི་མཚན་སྙན་གནང་བ་དང་ཐེངས་གཉིས་ལ་འཐབ་འཛིང་དཔའ་བོའི་གཟི་བརྗིད་མཚན་སྙན་ཐོབ། གཅིག་དགུ་ང་ལྔ་ལོར་ཀྲང་ཧྥུའུ་ཆིན་དམག་ཁོངས་ནས་ཕྱིར་ལོག་སྟེ་རང་འགུལ་སྒོས་ཧུའུ་པེ་ཞིང་ཆེན་གྱི་ཆེས་མཐའ་འཁོབ་ཏུ་གནས་བའི་ལེ་ཧྥིན་རྫོང་དུ་སོང་ནས་བྱ་བ་བསྒྲུབས། ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ། ཀྲང་ཧྥུའུ་ཆིན་གྱིས་གྲུབ་འབྲས་དང་བྱས་རྗེས་ཡོད་ཚད་གསང་ནས་རང་གི་བུ་དང་བུ་མོ་ལའང་ཤེས་སུ་མ་བཅུག ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་ལ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཆ་འཕྲིན་འཚོལ་སྡུད་བྱེད་སྐབས་ཀྲང་ཧྥུའུ་ཆིན་གྱི་བྱས་རྗེས་ཡོངས་སུ་གསལ་རྟོགས་བྱུང་།  དེ་ནས་བཟུང་དཔའ་བོ་དེའི་འདས་དོན་ཐམས་ཅད་ཡར་བསྐྱར་མི་རྣམས་ཀྱི་གླེང་བྱ་རུ་གྱུར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།