ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཅང་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ་དང་འགོ་འཛིན་མཛད་དེ་དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་བྱ་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124529225_15585310482431n.jpg

ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ་དང་འགོ་འཛིན་མཛད་དེ་དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་བྱ་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ་དང་འགོ་འཛིན་མཛད་དེ་དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་བྱ་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་བར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་དགོས་ལ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཐད་ལ་ཤུགས་རྒྱ་ཆེར་བསྐྱེད་པ་དང་། གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་འཐབ་ཇུས་དང་འཕེལ་རྒྱས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལག་བསྟར་བྱེད་པའི་ཐད་ལ་ཤུགས་བསྐྱེད་དགོས་པར་མ་ཟད། ཧུར་ཐག་དང་རང་འགུལ་སྒོས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་མཉམ་བསྲེས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མུ་མཐུད་དུ་དབུས་རྒྱུད་ས་ཁུལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་དང་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། ཧུར་ཐག་བརྩོན་ལེན་སྒོས་དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

1124529225_15585296092811n.jpg

ཚེས་ཉི་ཤུ་ཉིན། ཞི་ཅིན་ཕིང་ཅང་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིག་ཆི་དང་ཧྲིན་ཀྲང་དབྱི་ལེན་ཧོང་གཉིས་ཀ་དང་མཉམ་དུ་ཀན་ཀྲིག་གྲོང་ཁྱེར་གྱི་ཁེ་ལས་དང་ཞིང་སྡེ། གསར་བརྗེ་དྲན་གསོ་ཁང་སོགས་ལ་ཕེབས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རྟོག་ཞིབ་མཛད་པ་དང་། གསར་བརྗེ་གནས་རྙིང་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་དང་དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་བྱ་བའི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་མཛད།

ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ནན་ཁྲང་ནས་འགོ་འཛིན་མཛད་དེ་དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་བྱ་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས། བཞུགས་མོལ་ཚོགས་འདུའི་སྟེང་ཧྲན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལའོ་ཧོས་ཉིང་དང་ཨན་ཧོས་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཅིན་པེན། ཅང་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིག་ཆི། ཧི་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན། ཧུའུ་པེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཅང་ཁྲའོ་ལེང་། ཧུའུ་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཏུའུ་ཅ་ཧའོ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥིན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

1124529225_15585298367131n.jpg

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། དབུས་རྒྱུད་ས་ཁུལ་དར་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བགྲོད་ལམ་གསར་བ་གསར་གཏོད་བྱེད་པར་དོན་སྙིང་གལ་ཆེན་ལྡན། དེང་སྐབས་དབུས་རྒྱུད་ས་ཁུལ་དར་རྒྱས་དང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་དང་དམ་པོར་སྦྲེལ་ཏེ། བབ་བསྟུན་མདུན་སྐྱོད་དང་ཏན་ཏན་ཏིག་ཏིག་སྒོས་བྱ་བ་བསྒྲུབ་ནས་དབུས་རྒྱུད་ས་ཁུལ་སྔར་ལས་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

1124529225_15585302495721n.jpg

ཞི་ཅིན་ཕིང་གིས་དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་བྱ་བ་བཟང་བོར་བསྒྲུབ་པའི་ཐདལ་བསམ་འཆར་བརྒྱད་དོན། གཅིག གསར་བཟོ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཉིས། གནད་འགག་ཁྱབ་ཁོངས་ཀྱི་རང་བདག་གསར་སྐྲུན་ནུས་པ་ཇེ་ཆེར་གཏོང་དགོས། གསུམ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་དགོས། བཞི། ཧུར་ཐག་སྒོས་གསར་དར་ཐོན་ལས་བཀོད་སྒྲིག་དང་སྤོ་སྒྱུར་རྒྱུན་མཐུད་བྱེད་དགོས། ལྔ། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་དགོས། དྲུག ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས། བདུན། དམངས་ཚིས་ཁྱབ་ཁོངས་ཀྱི་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་དགོས། བརྒྱད། སྲིད་ཇུས་དང་བྱེད་ཐབས། བྱ་བའི་རྐྱེན་སྲོལ་བཅས་འཐུས་ཚང་དུ་གཏོང་དགོས་པ་བཅས་རེད།

1124529225_15585302952431n.jpg

ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅང་ཞི་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་རྗེས། ཅང་ཞི་ཞིང་ཆེན་ཆེན་གྱིས་བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཅང་ཞི་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་དགོས་ལ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ། གཅིག་གྱུར་སྒོས་འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། དམངས་ཚིས་ལེགས་བཅོས། ཉེན་ཁ་འགོག་སེལ། བརྟན་འཇགས་འགན་སྲུང་བཅས་ཀྱི་བྱ་བ་སྣ་ཚོགས་ལ་འཆར་འགོད་དང་སྐུལ་འདེད་གཏོང་བ་དང། ཧུར་ཐག་སྒོས་གསར་བརྗེ་གནས་རྙིང་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་དཔེ་སྟོན་ནུས་པ་འདོན་པ་དང་དབུས་རྒྱུད་ས་ཁུལ་སྔར་ལས་དར་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། དུས་རབས་གསར་བའི་ཅང་ཞིའི་བཅོས་སྒྱུར་འཕེལ་རྒྱས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་པ་ནན་གྱིས་བསྟན།

1124529225_15585311198191n.jpg

ཞི་ཅིན་ཕིང་གིས་བསྟན་དོན། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་འབྲུ་རིགས་ཐོན་སྐྱེད་རྨང་གཞི་སྲ་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་ཞིང་དར་དང་ལྗང་མདོག་ཞིང་དར་རྒྱུན་འཁྱོངས་བྱས་ནས། ཞིང་ལས་ཕྱོགས་བསྡུས་ཕན་འབྲས་སྔར་ལས་ཇེ་མཐོར་གཏོང་བ་དང་འགྲན་རྩོད་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས། རྣམ་པ་གསར་བའི་གྲོང་གསེབ་འབྲེལ་བ་གསར་སྐྲུན་བྱེད་པ་དང་གྲོང་གསེབ་མཉམ་བསྲེས་འཕེལ་རྒྱས་སྒྲིག་སྲོལ་རྐྱེན་སྲོལ་དང་སྲིད་ཇུས་མ་ལག་འཛུགས་པ་དང་ཆ་ཚང་དུ་བཏང་ནས། གྲོང་གསེབ་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

1124529225_15585311536981n.jpg

ཏེན་ཞའོ་ཞང་དང་ལིག་ཧི། ཧི་ལིས་ཧྥིན་སོགས་རྟོག་ཞིབ་ལ་ཞུགས་པར་མ་ཟད་དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་བྱ་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་ཞུགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་དབུས་རྒྱུད་ཞིང་ཆེན་དྲུག་གི་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།