ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཞང་ཀང་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་ཀྱི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124529940_15585395186361n.jpg

ཟླ5བའི་ཚེས22ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚའེ་ཀོན་ཧྲིན་ཚོགས་གཙོ་ཡིན་པའི་ཞང་ཀང་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་ཀྱི་འཚམས་འདྲི་ཚོགས་པའི་ཁོངས་མི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚའེ་ཀོན་ཧྲིན་ཚོགས་གཙོ་ཡིན་པའི་ཞང་ཀང་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་ཀྱི་འཚམས་འདྲི་ཚོགས་པའི་ཁོངས་མི་ལ་མཇལ་འཕྲད་གནང་།

ཝང་དབྱང་གིས་གསུང་རྒྱུར། ཞང་ཀང་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་ནི་རྒྱལ་གཅེས་ཀང་གཅེས་ཀྱི་སྟོབས་ཤུགས་གཙོ་བོ་ཡིན་ལ། དུས་ཡུན་རིང་བོར་ཞང་ཀང་གི་དར་རྒྱས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཡར་ཐོན་ལས་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག་ཟེར། ཝང་དབྱང་གིས་ཞང་ཀང་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ན་ནིང་ཞང་ཀང་དང་ཨོ་མིན་གྱི་ལས་རིགས་སོ་སོའི་རྒྱལ་ཁབ་ཀྱི་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཀོང་ཀྲིག་དང་ཞང་ཀང་། ཨོ་མིན་གསུམ་གྱི་ཁུགས་ཁུལ་ཆེན་མོའི་འཛུགས་སྐྲུན་དང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་སོགས་ཀྱི་གོ་སྐབས་ཆེན་མོ་དམ་འཛིན་བྱས་ཏེ། ཞང་ཀང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་ཡང་དག་བྱེད་པ་དང་སྣེ་ཁྲིད་དེ་དྲིལ་སྒྲོག་དང་ལག་བསྟར་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྲིད་འཛིན་དཔོན་པོས་ཁྲིམས་ལྟར་སྲིད་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ། མཐུན་སྒྲིལ་ཇེ་དམ་དུ་གཏོང་བའི་བྱ་བ་མང་པོ་བསྒྲུབ་པ། ན་གཞོན་ལ་སྣེ་ཁྲིད་དང་རོགས་རམ་བྱེད་པར་ཤུགས་བསྣན་ནས། དྲང་ཕྱོགས་ནུས་ཚད་བརྒྱུད་སྒྲོག་བྱེད་པ་དང་ཕྱོགས་གཅིག་ཏུ་བསྡུས་དགོས་ཟེར།

ཡོའུ་ཆོན་དང་ཞཱ་པོ་ལུང་གཉིས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།