ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་གི་རྩ་གནད》དམག་ཁུལ་ཡོངས་སུ་བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲོད་ཀྱི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་ཁྲིད་གནས་བབ་སྲ་བརྟན་དང་གཏན་འཁེལ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་བསྐྱོད་པ། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་རྗེས་དམག་ཨུད་ཆབ་སྲིད་ལས་དོན་པུས《ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་གི་རྩ་གནད》(གཤམ་དུ《རྩ་གནད》ཅེས་བསྡུ་རྒྱུ)རྩོམ་སྒྲིག་པར་འདེབས་བྱས་པ་དང་ཉེ་ཆར་དངོས་སུ་བཀྲམ་པ་རེད།

ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་མར་ཁེ་སི་རིང་ལུགས་ཀྱི་དམག་དོན་གྱི་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་པ་ཞིག་ཡིན་པས། ཏང་གི་དམག་དོན་མཛུབ་ཁྲིད་ཀྱི་རིགས་པའི་གཞུང་ལུགས་སླར་ཡང་དུས་བསྟུན་མདུན་སྐྱོད་བྱུང་ཡོད། 《རྩ་གནད》དེ་འགོ་བརྗོད་དང་། དངོས་གཞིའི་ནང་དོན། མཇུག་བསྡུའི་གཏམ་བཅས་ལས་གྲུབ་པ་དང་བསྡོམས་ཆ་ཤས18དང་ས་བཅད85ཡོད་ཅིང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་དོན་སྙིང་གལ་ཆེན་དང་། ཚན་རིག་དང་མཐུན་པའི་མ་ལག ཕུན་སུམ་ཚོགས་པའི་ནང་དོན། དགོངས་པའི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་དང་ཆ་ལག་ཚང་བའི་ངང་ཞིབ་པར་བརྗོད་ཡོད་པས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རྩ་བའི་བསླབ་གཞི་ཞིག་ཡིན་པ་རེད།

ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱིས་བརྡ་ཐོ་བཏང་སྟེ་དམག་ཡོངས་ཀྱིས《རྩ་གནད》སློབ་སྦྱོང་དང་བེད་སྤྱོད་བྱེད་རྒྱུ་སྒྲིག་འཛུགས་ནན་ཏན་བྱེད་དགོས་ཤིང་། 《རྩ་གནད》སློབ་སྦྱོང་བྱེད་རྒྱུ་དེ་ཉིད་ཏང་ཨུད་ཀྱི་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་རེས་སྐོར་སྦྱོང་བརྡར། དཔུང་སྡེའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་སློབ་གླིང་གི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་དང་སློབ་ཁྲིད་ཀྱི་ཁོངས་སུ་འཇུག་པ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”དང“གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་འགན་འཁྲི་ལྕི་པོ་འཁུར་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ནང་བཅུག་སྟེ་དཔོན་དམག་གིས་རང་འགུལ་ངང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུའི་ཁྲིད་སྟོན་བྱེད་དགོས། 《རྩ་གནད》སློབ་སྦྱོང་བྱེད་རྒྱུ་དམ་འཛིན་བྱེད་གཞིར་བྱས་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་རྒྱུན་མཐུད་ངང་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་དང་ཆ་ལག་ཚང་བའི་ངང་སློབ་སྦྱོང་དང་། དུས་ཐོག་དང་རྗེས་སྙེག་སློབ་སྦྱོང་། བསམ་གཞིག་གཏིང་ཟབ་ངང་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བཅས་བྱས་ཏེ་དེའི་ཁྲོད་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། ཐབས་ཤེས་བཅས་ཁོང་དུ་ཧུར་ཐག་ཆུད་པ་བྱེད་དགོས། གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་དངོས་འབྲེལ་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་རྣམ་འགྱུར་ཙམ་དང་། ཁ་ངོས་ཙམ་། ཁེ་ཕན་ཅན་སོགས་ཀྱི་སློབ་སྲོལ་ངན་པ་ཡོ་བསྲང་བཅོས་སྒྲིག་བྱས་ནས་སློབ་སྦྱོང་དང་། བསམ་གཞིག བེད་སྤྱོད་བཅས་རྦད་དེ་བྱེད་ཐུབ་པ་དང་ཤེས་པ་དང་། དད་སེམས། བྱ་སྤྱོད་བཅས་གཅིག་གྱུར་ཡོང་བ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་སྦྱངས་པའི་གྲུབ་འབྲས་སྤྱད་ནས་དཔོན་དམག་ཚོར་སྒྲོག་འགྲེལ་དང་ཟུར་ཁྲིད་ཡག་པོ་བྱེད་པ་དང་། དཔུང་སྡེའི་སྣེ་ཁྲིད་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏན་ཏིག སེམས་ལ་ཟུག་པ་བཅས་བྱེད་དགོས། དམག་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ་དམག་གྲབས་དམག་རྒྱག་ལ་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་བྱས་ནས་ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་དང་མི་དམངས་དམག་དཔུང་ཕྱོགས་ཡོངས་ནས་འཛམ་གླིང་གི་རྩེར་སོན་དམག་དཔུང་ལ་གཏོད་ཆེད་འབད་འཐབ་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་ལས་འགན་དང་འགན་འཁྲི་སྔར་ལས་ལྷག་པ་འཁུར་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།