ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁུ་ཝེ་ཏོ་ཏོ་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁུ་ཝེ་ཏོ་ཏོ་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་སྟེ།  ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་པར་མ་ཟད།   རང་ཉིད་ཀྱི་མིང་སྟེང་ནས་ཙོ་ཁུ་ཝེ་ཏོ་ཏོ་ཡིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་བསྟུན་འགན་ཁུར་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན།   ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་།  ཕྱོགས་གཉིས་ལ་ས་ཁུལ་དང་རིམ་པ་མང་པོ་ནས་ཐུན་མོང་གི་ཁེ་ཕན་ཆེན་པོ་ལྡན་ལ།   རང་བྱུང་གི་མཉམ་ལས་གྲོགས་པོ་ཡིན།  ཉེ་བའི་ལོ་འགའི་རིང་ལ།   རྒྱལ་ཁབ་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་དུ་འཛུགས་སྐྲུན་བྱེད་པ་གོ་སྐབས་སུ་བརྩིས་ཏེ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་རྒྱུན་མཐུད་གཏིང་ཟབ་སྒོས་སྤེལ་བ་དང་།   ཁྱབ་ཁོངས་སོ་སོའི་མཉམ་ལས་གྲུབ་འབྲས་མངོན་གསལ་བླངས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་སྒོས་དུས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས།   བདག་གིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།   ཙུང་ཐུང་ཙོ་ཁུ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་འདས་པའི་ལོ་ལྔའི་རྨང་གཞིའི་སྟེང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱེད་བསྐྲུན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།