ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཁུན་མེན་གྱིས་ཀོང་ཏུང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅུ་དགུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་ཀོང་ཏུང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས། ཁོས་བསྟན་དོན། དྲིལ་སྒྲོག་བསམ་བློ་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱས་ཏེ། དྲང་བདེན་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་གཞི་རིམ་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ལ། དར་སྤེལ་སྙིང་སྟོབས་རྒྱུན་འཁྱོངས་དང་ཏན་ཏན་ཏིག་ཏིག་སྒོས་བྱ་བ་བསྒྲུབ་ནས་ཕན་འབྲས་བཟང་བོ་ལེན་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཧོང་ཁུན་མེན་ཀོང་ཀྲིག་དང་ཧོས་ཀྲིག་སོགས་ས་ཁུལ་གྱི་ཞིང་སྡེ་དང་གཞིས་ཁུལ། དྲིལ་སྒྲོག་རིག་གནས་ལས་ཁུངས་སུ་སོང་ནས་གཞི་རིམ་གྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གསར་སྐྲུན་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་བསམ་ཚུལ་ལ་ནན་ཏན་སྒོས་ཉན།

ཧོང་ཁུན་མེན་གྱིས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་དྲིལ་སྒྲོག་སློབ་གསོ་ད་ལྟ་རྒྱལ་ཡོངས་སུ་སྤེལ་བཞིན་པའི་སྒང་ཡིན། མང་ཚོགས་རང་བཞིན་དང་ཞུགས་པའི་རང་བཞིན། མཉམ་འབྲེལ་རང་བཞིན་འབུར་དུ་ཐོན་པར་བྱེད་པ་དང་། རྩ་འཛུགས་ཞིབ་མོ་བྱས་ཏེ་ང་དང་ངའི་མེས་རྒྱལ་ཞེས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གཏོང་ཟབ་ཏུ་སྤེལ་དགོས་ལ། བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་དང་བསམ་བློའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་། མི་རྣམས་ལ་སྣེ་ཁྲིད་དེ་ཕུན་སུམ་ཚོགས་པའི་བྱ་འགུལ་ཁྲོད་དུ་རང་སྟེང་གི་སློབ་གསོ་ཇེ་ལེགས་སུ་བཏང་ནས་རང་ཉིད་མཐོར་འདེགས་སུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།