ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཧྲིན་ཀྲིན་ནས་རིག་གནས་དང་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཧྲིན་ཀྲིན་ནས་རིག་གནས་དང་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་དང་གནས་སྐོར་བྱ་བའི་ཐད་གནང་བའི་རྒྱས་བཤད་གལ་ཆེན་་ལ་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་རིག་གནས་དང་གནས་སྐོར་དེ་ཁྱབ་རྒྱ་སྔར་ལས་ཆེ་ཞིང་རིམ་པ་སྔར་ལས་མང་བ་དང་ཆུ་ཚད་སྔར་ལས་མཐོ་བའི་སྟེང་དུ་མཉམ་བསྲེས་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་མཛེས་པའི་འཚོ་བའི་རེ་སྒུག་གསར་བ་ཡོངས་སུ་སྐོང་དགོས་ཟེར།

ཧོང་ཁུན་མེན་གྱིས་བཤད་རྒྱུར། རིག་གནས་ནི་གནས་སྐོར་གྱི་བླ་སྲོག་ཡིན་ལ། མི་གཞུང་ཐོན་ཁུངས་ནི་གནས་སྐོར་གྱི་ཐོན་ཁུངས་གཙོ་བོ་ཡིན་པ་དང་། དུས་རབས་གསར་བའི་རིག་གནས་དང་གནས་སྐོར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཐོབ་དཀའ་བའི་གོ་སྐབས་ཤིག་ཡིན། རིག་གནས་དང་གནས་སྐོར་ཐོན་ཁུངས་སྔོག་འདོན་ཆེན་པོ་བྱེད་པ་དང་ཤུགས་ཆེན་པོས་གནས་སྐོར་གྱི་བསམ་བློ་རིག་གནས་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ། ཀྲུང་ཧྭའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱབ་སྟོབས་མངོན་པར་བྱས་ནས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཁྱོངས་བྱེད་པ་དང་གསར་བརྗེ་རིག་གནས་དང་དམར་པའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་རྒྱ་ཆེར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།