ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་སི་རི་ལན་ཁའི་ཙུང་ཐུང་ཞི་ལི་སེ་ན་དང་སིང་ཀ་ཕོར་གྱི་ཙུང་ཐུང་ཧ་ལིས་མ་གཉིས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124499381_15579309047901n.jpg

1124499362_15579316641791n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སི་རི་ལན་ཁའི་ཙུང་ཐུང་ཞི་ལི་སེ་ན་དང་སིང་ཀ་ཕོར་གྱི་ཙུང་ཐུང་ཧ་ལིས་མ་གཉིས་ལ་མཇལ་འཕྲད་གནང་།

ཞི་ལིས་སེ་ན་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་སི་རི་ལན་ཁ་ནི་མཉམ་ལས་ཀྱི་གྲོགས་པོ་གཙོ་བོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འགྲོ་འོང་ཆུ་བོའི་རྒྱུན་བཞིན་རིང་། ང་ཚོས་སི་རི་ལན་ཕྱོགས་དང་མཉམ་དུ་དཔལ་ཡོན་བརྗེ་རེས་དང་དཔྱད་གཞིར་འཛིན་པར་ཤུགས་སྣོན་ཞིང་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་རྨང་གཞིའི་སྟེང་གཉིས་ཕན་མཉམ་རྒྱལ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་པ་དེ་སི་རི་ལན་ཁའི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ནས་མཉམ་ལས་ལས་གཞི་གལ་ཆེན་མྱུར་དུ་འཛུགས་སྐྲུན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ་སྣ་མང་སྤྱི་ཁོག་ནང་གི་མཉམ་ལས་ལ་ཤུགས་བསྣན་ནས་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཧ་ལིས་མ་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་སིང་ཀ་ཕོར་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་མཉམ་ལས། གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་རང་རང་གི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་མཉམ་ལས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་པར་མ་ཟད་མུ་མཐུད་དུ་མཉམ་ལས་ཀྱི་སྦས་ཤུགས་སྔོན་འདོན་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་པ་དེ་སིང་ཀ་ཕོར་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་པ། ཀྲུང་གོ་ནུབ་རྒྱུད་ས་ཁུལ་དང་སིང་ཀ་ཕོར་འབྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ནས། ཕྱོགས་གསུམ་པའི་ཚོང་ར་དང་རིག་སྟོབས་གྲོང་ཁྱེར། རྩལ་ནུས་གསོ་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་དཔལ་ཡོན་དང་རིག་གནས་བརྗེ་རེས་ལ་ཤུགས་སྣོན་པ་དང་མི་སྣའི་འགྲོ་འོང་ཇེ་མང་དུ་བཏང་ནས་རྒྱལ་ཁབ་གཉིས་ཀ་མཛའ་མཐུན་ཡོང་བའི་དམངས་དོན་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཝང་དབྱི་དང་ཧི་ལིས་ཧྥིན་གཉིས་ཀ་གོང་གི་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།