ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་རྒྱལ་ཡོངས་ཐེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་མཉམ་འབྲེལ་གྲོས་ཚོགས་ཀྱི་སྐབས་ལྔ་བའི་འཐུས་མིའི་འཐུས་ཚབ་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124504582_15580114516901n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བཅུ་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་ཐེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་མཉམ་འབྲེལ་གྲོས་ཚོགས་ཀྱི་སྐབས་ལྔ་བའི་འཐུས་མིའི་འཐུས་ཚབ་པར་མཇལ་འཕྲད་གནང་།      

ཝང་དབྱང་གིས་ཐེ་ཝན་ཁེ་ལས་མཉམ་འབྲེལ་ཀྱི་སྐབས་བརྗེ་བྱ་བ་བདེ་ལེགས་ངང་སྤེལ་བར་རྟེན་འབྲེལ་ཞུས་པ་དང་རྒྱ་ཆེའི་ཁེ་ལས་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་མཛའ་བརྩེ་དང་ཞི་བདེ་འཕེལ་རྒྱས་ཐད་བཞག་པའི་བྱ་བར་གདེང་འཇོག་དང་ཁས་ལེན་གང་ལེགས་བྱས།  ཁོས་བསྟན་དོན། ཐེ་ཝན་ཁེ་ལས་མཉམ་འབྲེལ་གྱིས་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅུ་ཡི་ཐེ་ཝན་ཁེ་ལས་མཉམ་འབྲེལ་བཙུགས་ནས་ལོ་འཁོར་བཅུ་འགོར་བའི་རྟེན་འབྲེལ་ཞུ་ཚིག་གི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་རྒྱལ་ཁབ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ།  ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱས་ཏེ་སྐམ་ས་ཆེན་པོ་དང་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་ཡིད་ཆེས་བརྟན་པོ་བྱས་ཏེ་མཚོ་འགག་འགྲམ་གཉིས་ཀྱི་ཞི་བདེའི་འཕེལ་རྒྱས་ལ་ཕན་པའི་བྱ་བ་མང་པོ་བསྒྲུབས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཐད་ལ་བྱས་རྗེས་འཇོག་དགོས་ཟེར།  

  ཝང་དབྱང་གིས་བསྟན་དོན། མིག་སྔར་སྐམ་ས་ཆེན་པོའི་དཔལ་འབྱོར་གྱི་འཕེལ་རྒྱས་གནས་སྟངས་ལེགས་ཤོས་སུ་གནས་ཡོད་ལ་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་དུ་སྤེལ་བཞིན་ཡོད་པས་རྒྱ་ཆེའི་ཐེ་ཝན་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་མཚོ་འགག་འགྲམ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཧུར་ཐག་གིས་ཞུགས་ཏེ་མཚོ་འགག་མགྲམ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཉམ་གནས་ཀྱི་ཁྲོད་ཞུགས་མཁན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།