ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་རྒྱལ་བོ་ཞི་ཧ་མོ་ཉི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124493783_15578501147311n.jpg

1124493783_15578501279301n.jpg

ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁམ་ཕུ་ཁྲེ་རྒྱལ་བོ་ཞི་ཧ་མོ་ཉི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁམ་ཕུ་ཁྲེ་རྒྱལ་བོ་ཞི་ཧ་མོ་ཉི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་རྒྱལ་བོ་ཚང་བར་གྱི་དམིགས་བསལ་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོའི་མི་རབས་འགའི་འགོ་ཁྲིད་པས་ཡབ་རྒྱལ་བོ་ཞི་ཧ་ནུའུ་ཁིའི་བར་ལ་མཛའ་བཤེས་ཟབ་མོ་བཙུགས་ཡོད་པས་ང་ཚོས་མུ་མཐུད་དུ་དེ་རྒྱུན་འཛིན་དང་དར་སྤེལ་བྱས་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་གྱི་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྔོན་ཆད་དང་འདྲ་བར་ཁམ་ཕུ་ཁྲེ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱེད་པར་མ་ཟད་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཧ་མོ་ཉི་ཡིས་བཤད་རྒྱུར། ཁམ་ཕུ་ཁྲེའི་མི་དམངས་གནས་ཚུལ་གང་རུང་གི་འོག་ཏུ་ཀྲུང་གོ་མི་དམངས་དང་མཉམ་གནས་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་འགོ་བཏོན་ཏེ་བསྡུ་བའི་ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་གྱིས་རྒྱལ་ཁབ་སོ་སོའི་བར་གྱི་རིག་གནས་བརྗེ་རེས་དང་ཕན་ཚུན་ལ་རྒྱུས་ལོན་ཟབ་མོ་བྱེད་པར་ནུས་པ་ཆེན་པོ་འདོན་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།